འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་འཛམ་གླིང་ལ་འགྱུར་ལྡོག་དེ་བས་མང་བ་གཏོང་རྒྱུའི་རེ་བ་ཡོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་13ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སི་རི་ལན་ཁ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཝེ་ལ་ཤིན་ཧ·ཀུའུ་ནཱ་སའེ་ཁེ་ལས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། འདི་ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་ལོ་ཡིན་པ་དང་ལོ་40ཡི་རིང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སྐྱེ་བོ་ཀུན་གྱི་དོ་སྣང་ཐོབ་ཡོད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་གྲོལ་རྗེས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རིམ་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྦྲགས་ཀྲུང་གོས་འཛམ་གླིང་ལ་འགྱུར་ལྡོག་དེ་བས་མང་བ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
          ཀུའུ་ནཱ་སའེ་ཁེ་ལ་ཡིས་འདི་ལོའི་ཚོགས་འདུ་གཉིས་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་རྗེས་སྐོང་ཚོགས་བྱས་པ་ཞིག་ཡིན་པ་མ་ཟད་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བས་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
         སི་རི་ལན་ཁའི་གྲགས་ཅན་ཆབ་སྲིད་མཁས་ཅན་དེས་ཀྲུང་གོས་སྒྱུར་བཅོས་སྒོ་འབྱེད་ལག་བསྟར་བྱས་ནས་ལོ་40སོང་རིང་མི་དམངས་མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ཉིན་རེ་བཞིན་མཐོ་རུ་ཕྱིན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད། “ཀྲུང་གོས་རང་ཉིད་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་དོ་སྣང་བྱེད་པ་མ་ཟད། འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ལའང་དོ་སྣང་བྱེད་ཀྱི་ཡོད་པ་ངར་ཡིད་ཆེས་ཡོད”ཅེས་བཤད།
         ཀུའུ་ནཱ་སའེ་ཁེ་ལ་ཡིས་ཀྲུང་གོས་དེ་སྔ་དང་། ད་ལྟ། མ་འོངས་བཅས་སུ་འཛམ་གླིང་ཐོག་རྒྱལ་ཁབ་གཞན་དག་གི་ཁེ་ཕན་བློས་གཏོང་བྱས་ནས་རང་ཉིད་འཕེལ་རྒྱས་གཏོང་བའི་བྱེད་སྤྱོད་རྩ་བ་ནས་མི་སྤེལ་བ་ར་སྤྲོད་བྱེད་ཀྱི་ཡོད། ལོ་40ཡི་རིང་ཀྲུང་གོས་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་བར་བྱས་ཡོད། ཉེ་བའི་ལོ་ཤས་རིང་ད་དུང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ལམ་རྒྱུད་ཀྱི་རྒྱལ་ཁབ་གཞན་དག་དང་མཉམ་ལས་ཧུར་ཐག་བྱས་པ་མ་ཟད། ལམ་རྒྱུད་རྒྱལ་ཁབ་ལ་འཕེལ་རྒྱས་གཏོང་རོགས་ཀྱང་བྱས་ཡོད་ཅེས་བཤད།
          བཅར་འདྲི་དང་ལེན་བྱེད་རིང་། ཀུའུ་ནཱ་སའེ་ཁེ་ལ་ཡིས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་གུང་ཁྲན་ཏང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་དང་། དེའི་ཐད་ཀྱི་འབད་བརྩོན། ཐོབ་པའི་གྲུབ་འབྲས་བཅས་ལ་བག་ཆགས་ཟབ་མོ་བྱུང་། “གལ་སྲིད་སྲིད་ཏང་ཞིག་གིས་རུལ་སུངས་ལས་ཏང་དང་རྒྱལ་ཁབ་ལ་གནོད་འཚེ་བཟོ་བ་སྣང་མེད་དུ་བཞག་ཚེ་སྒྱུར་བཅོས་དང་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་ཐབས་བྲལ་བ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་རུལ་རྒོལ་ལ་འབད་བརྩོན་བྱས་པ་དེས་སི་རི་ལན་ཁ་གུང་ཁྲན་ཏང་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་ལ་མིག་དཔེ་བཟང་པོ་ཞིག་བཏོད་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།