འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་ཁེ་བེད་ཅུས་ཀྱིས་ཀྲུང་གོས་འདུན་ཞུ་སྐྱེལ་ཚད་ཟིན་ཐོ་གསར་པ་བཏོད་ཡོད་ཅེས་བཤད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་13ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཡོ་རོབ་ཁེ་བེད་ཅུས་ཀྱིས་ཉིན་ཤས་གོང་པུ་རུ་སེར་ལོ་འཁོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2017ལོར་ཀྲུང་གོས་ཁེ་བེད་འདུན་ཞུ་སྐྱེལ་ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་དང་ཀྲུང་གོའི་ཁེ་ལས་ཧྭ་ཝེ་ཐོག་མར་ཡོ་རོབ་ཁེ་བེད་ཅུས་ཀྱི་ཁེ་བེད་འདུན་ཞུ་ཀུང་སིའི་བང་རིམ་གྱི་ཨང་དང་པོར་སླེབས་ཡོད་ཅེས་བཤད།
          ཡོ་རོབ་ཁེ་བེད་ཅུས་ཀྱིས་2017ལོར་ཡོ་རོབ་ཁེ་བེད་ཅུས་ལ་རྒྱལ་སྤྱིའི་ཁེ་བེད་འདུན་ཞུ་ཁྲི་16.6འབྱོར་བ་དེ་2016ལོ་ལས་3.9%འཕར་ཡོད། ཀྲུང་གོས་བསྐྱལ་བའི་ཁེ་བེད་འདུན་ཞུའི་གྲངས་8330ཟིན་ནས་ལོ་གོང་མ་ལས་16.6%མང་དུ་ཕྱིན་ཏེ་ཀྲུང་གོ་ཐོག་མར་སུའེ་ཙེར་གྱི་ཚབ་ལ་ཡོ་རོབ་ཁེ་བེད་ཅུས་ཀྱི་མདུན་གྲལ་གྱི་འདུན་ཞུའི་རྒྱལ་ཁབ་ཆེ་གྲས་ལྔའི་གྲས་སུ་གྱུར་པ་དང་མདུན་གྲལ་གྱི་ཨང་བཞི་པོ་ནི་ཨ་རི་དང་། འཇར་མན། རི་པིན། ཧྥ་རན་སེ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།