འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཝུའེ་ཆིན་གྱིས་རྒྱས་སྤྲོས་རྒྱས་གཤོམ་སྤངས་ནས་གྲོང་གསེབ་ཀྱི་ཤེས་དཔལ་ལ་སྐུལ་མ་
    གཏོང་དགོས་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་རྒྱུར་སྐུལ་མ་བཏང་ནས་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཕན་ཚུན་ཟུང་དུ་འབྲེལ་བའི་གྲོང་གསེབ་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཏོན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་དབྱི་པིང་གྲོང་ཁྱེར་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཝུའེ་ཆིན་གྱིས་མིག་སྔར་གཞི་རིམ་མང་ཚོགས“ངོ་སོའི་ལྕགས་སྒྲོག”གིས་དམ་པོར་བཅིངས་ནས་གོམས་སྲོལ་སོགས་ཀྱིས་རྐྱེན་པས་གཞན་དབང་དུ་གྱུར་ཏེ་མི་རྣམས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་ཡོད་ཅེས་གསུངས།
          འཐུས་མི་ཝུའེ་ཆིན་གྱི་བརྟག་དཔྱད་སྙན་ཞུ་ལས་མངོན་པར་གཞིགས་ན། རྒན་ཡོལ་ཞུས་པའི་རྫོང་རིམ་པའི་བཟའ་ཚང་ཞིག་གི་ཁྱིམ་ཚང་ལ་ལོ་གཅིག་ལ་འབུལ་རྟེན་དངུལ་སྒོར་ཁྲི་3ལས་མི་དམའ་བ་ཟིན་པ་དང་རྒན་ཡོལ་མ་ཞུས་གོང་སྒོར་ཁྲི་4ནས་5བར་ཡོད་པ། གྲོང་ཁྱེར་ནང་གླ་པ་བྱེད་མཁན་ཡུལ་མིའི་ལོའི་འབུལ་རྟེན་དངུལ་སྒོར་ཁྲི་2ནས་3བར་ཟིན་གྱི་ཡོད། “མནའ་མ་བསུ་སྐྱེལ་དང་། གཤིན་པོ་དུར་འཇུག འཁྲུངས་སྐར་གྱི་གསོལ་སྟོན། སློབ་རིམ་འཕར་བའི་གསོལ་སྟོན། ཕྲུ་གུ་ཟླ་བ་ཚང་བའི་གསོལ་སྟོན་སོགས་ནི་རྒྱུན་གཏན་གྱི་བྱ་བ་ཞིག་ཡིན་ཡང་ལོ་ན་ཆུང་བའི་སྐྱེ་སྐར་གྱི་གསོལ་སྟོན་དང་། ཁང་པ་བཟོ་བཅོས་དང་རྒྱག་པའི་དུས་མཚམས་དབྱེ་ནས་གསོལ་སྟོན་གཤོམ་མཁན་ཡང་མང་པོ་ཡོད”ཅེས་འཐུས་མི་ཝུའེ་ཆིན་གྱིས་གསུངས་ཤིང་། ཁོང་གིས་ཕན་ཚུན་བསྡུར་བ་བྱེད་པའི་སྲོལ་ངན་རིམ་པས་དར་བ་དང་ཆབས་ཅིག་འབུལ་རྟེན་གྱི་དངུལ་གྲངས་ཀྱང་ཉིན་རེ་བཞིན་ཇེ་མང་དུ་སོང་བ་དང་ཐ་ན་དངུལ་གཡར་ནས་འབུལ་རྟེན་རྒྱག་པའི་སྣང་ཚུལ་ཡང་ཐོན་གྱི་ཡོད་ཅེས་གསུངས།
         འཐུས་མི་ཝུའེ་ཆིན་གྱིས་གཞི་རིམ་དུ་རྒྱས་སྤྲོས་རྒྱས་གཤོམ་བྱེད་པའི་སྲོལ་ངན་ལ་ངེས་པར་དུ་ཁྲིད་སྟོན་ཡང་དག་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།