འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཞི་མཐུན་གྱི་མེ་ཏོག་དེ་བས་མཚར་སྡུག་ལྡན་པ་བྱེད་དགོས།

    ཆོས་གྲགས་ལགས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ནི་རང་ལྗོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལས་དོན་ཁག་གི་རྨང་གཞི་ཡིན།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དུ་དར་རྒྱས་གོང་འཕེལ་གྱི་བརྗོད་དོན་གཙོ་བོ་ཁོང་དུ་ཏན་ཏིག་ཆུད་པ་དང་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་མི་རིགས་མཐུན་སྒྲིལ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ནང་ཁྱབ་པར་བྱས་པས་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ལས་བྱུང་བའི་གཡུར་ཟའི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱུང་ཡོད།
          རྒྱུན་མི་ཆད་པ་དང་གནད་ལ་སྨིན་པའི་བྱ་ཐབས་སྤྱད་པའི་དབང་གིས་དེང་གི་བོད་ལྗོངས་སུ་མི་རིགས་ཁག་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་བཟང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་མི་སེམས་སུ་ཟུག་པ་དང་། མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི་འདུ་ཤེས་མི་ཀུན་གྱིས་རྟོགས་པ། “ཇ་དང་ཚྭའི་”དཔེ་མི་སེམས་སུ་ཟུག་པ་བཅས་བྱུང་ཡོད།
         རྨང་གཞི་བརྟན་པོ་མེད་ན་རི་སྒུལ་ས་གཡོ་བྱེད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་བྱུང་ཚེ། གཞི་ནས་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། མི་རིགས་ཁག་ཐུན་མོང་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཐུབ་པ། མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་དང་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་བར་འགན་ལེན་བྱེད་ཐུབ།
         རྨང་གཞི་བརྟན་པོ་ཡོད་ན་ལས་རིགས་ཚང་མ་དར་རྒྱས་ཡོང་ཐུབ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཚོགས་པ་དང་བསྟུན་ནས་ང་ཚོས་རྒྱལ་ཁབ་གཅིག་གྱུར་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་ཁག་བདེ་སྐྱིད་ཁམས་བཟང་བཅས་ཀྱི་མཐོ་ཚད་ཐོག་ནས་ཁ་ཕྲལ་ཟིང་འཁྲུག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན། སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་རང་ལྗོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འཕེལ་རིམ་ཁྲོད“མཐུན་སྒྲིལ་གྱི་མེ་ཏོག”སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་དང“ཞི་མཐུན་གྱི་མེ་ཏོག”མཚར་སྡུག་ལྡན་པའི་ངང་བཞད་ཐུབ་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།