འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་ས་མཐོར་ལེགས་སྐྱེས་འབུལ་མཁན"སྤུན་ཟླ"སྟེ་བོད་ལྗོངས་ལྷོ་ཁ་གྲ་ནང་རྫོང་གི་
    རྫོང་དཔོན་གཞོན་པ་མུའུ་ཡུས་ཅུན་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།གངས་ལྗོངས་ས་མཐོར་ལེགས་སྐྱེས་འབུལ་མཁན'སྤུན་ཟླ'སྟེ་བོད་ལྗོངས་ལྷོ་ཁ་གྲ་ནང་རྫོང་གི་
རྫོང་དཔོན་གཞོན་པ་མུའུ་ཡུས་ཅུན་དྲན་གསོ་ཞུས་པ།
         མི་དམངས་དྲ་བའི་འཕྲིན། ཁོང་གི་མཚན་ལ་མུའུ་ཡུས་ཅུན་ཟེར་ཞིང་། འཚོ་བཞུགས་སྐབས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་རྫོང་དཔོན་གཞོན་པ་རེད། 2017ལོའི་ལོ་མཇུག་ཏུ། དདཀའ་ཐུབ་ཆེ་བས་སྙུན་གཞི་ཕོག་ནས་གློ་བུར་དུ་ཀླད་ཁྲག་འདྲེས་ཏེ་དགུང་ལོ་40ལ་ཕེབས་པའི་མུའུ་ཡུས་ཅུན་ལས་གནས་སྟེང་འགྱེལ་ནས་སྟབས་མ་ལེགས་པར་སྐུ་གཤེགས་པ་རེད། གངས་ལྗོངས་ས་མཐོར་མུའུ་ཡུས་ཅུན་གྱིས་གཞི་རིམ་དུ་རྩ་བ་བཙུགས་ནས་འགན་འཁྲི་འཁུར་ཕོད་པ་དང་། མི་དམངས་ཀྱི་དོན་དུ་སྐྱོ་སངས་དཀའ་སེལ་གནང་བར་རང་ལ་ཁེ་ཕན་ཡོད་མེད་ལ་མི་ལྟ་བར་རང་ཉིད་ཀྱི་ལང་ཚོ་མེས་རྒྱལ་གྱི་མཐའ་མཚམས་ལ་སྐྱེས་སུ་ཕུལ་གནང་སྟེ། མང་ཚོགས་ཀྱི་སེམས་སུ་གཏན་དུ་གནས་པར་གནང་བ་རེད། གོང་གི་པར་རིས་ནི་མུའུ་ཡུས་ཅུན་(གཡས་ཀྱི་དང་པོ་)གྲ་ནང་རྫོང་གྲ་ཐང་གྲོང་རྡལ་ལྕེའུ་སྨད་གྲོང་ཚོར་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་གནང་བཞིན་པ།(2016ལོའི་ཟླ་6ཚེས་29ཉིན་པར་བླངས།)
    མུའུ་ཡུས་ཅུན་(གཡས་)གྱིས་ཆ་སྒྲིག་རོགས་སྐྱོར་གནང་བའི་གྲ་ནང་རྫོང་གི་བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་གནས་ཚུལ་རྩད་གཅོད་གནང་བཞིན་པ།(2017ལོའི་ཟླ་བ་དང་པོར་པར་བླངས།)
    མུའུ་ཡུས་ཅུན་(གཡས་)གྱིས་ཆ་སྒྲིག་རོགས་སྐྱོར་གནང་བའི་གྲ་ནང་རྫོང་གི་བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་གནས་ཚུལ་རྩད་གཅོད་གནང་བཞིན་པ།(2017ལོའི་ཟླ་བ་དང་པོར་པར་བླངས།)
    མུའུ་ཡུས་ཅུན་(གཡོན་)གྱིས་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ལུའོ་གྲོང་ཚོར་རྨོ་ཞིང་བཟུང་གསབ་དོ་སྙོམས་ལས་གཞི་བསྒྲུབས་ཚུལ་རྒྱུས་ལོན་གནང་བཞིན་པ།(2017ལོར་པར་བླངས།)
    མུའུ་ཡུས་ཅུན་(གཡོན་)གྱིས་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ལུའོ་གྲོང་ཚོར་རྨོ་ཞིང་བཟུང་གསབ་དོ་སྙོམས་ལས་གཞི་བསྒྲུབས་ཚུལ་རྒྱུས་ལོན་གནང་བཞིན་པ།(2017ལོར་པར་བླངས།)
      

    ཕྱོགས་བསྡུས་གསར་འགྱུར།