འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བཟོ་འཕྲིན་པུའི་པུའུ་ཀྲང་མེའོ་ཡུས་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་སྤྱད་
    པའི་ལག་རྩལ་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་སྤྱིའི་ཆ་ནས་གཅིག་པ་ཡིན་པ་བཤད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་5ཉིན་བཟོ་འཕྲིན་པུའི་པུའུ་ཀྲང་མེའོ་ཡུས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་བགྲོད་ལམ”བརྒྱུད་སྐབས། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐད་སྤྱད་པའི་ལག་རྩལ་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་སྤྱིའི་ཆ་ནས་འཕེལ་རྒྱས་གཅིག་པ་བྱུང་ནས་ཕྱིར་ཚོང་བྱེད་ཚད་ལོ་གསུམ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ་དང་ཁྱོན་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་180ལྷག་ཙམ་ཁྱབ་གདལ་བཏང་ཡོད་པ་རེད།
         མིག་སྔར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་ལྟེ་བའི་ལག་རྩལ་ཚོད་འཛིན་བྱེད་ནུས་མི་འདང་བ་དང་། བེད་སྤྱོད་ལྷུ་ཚིགས་ཀྱི་གཟིགས་སྐྱོང་བྱེད་ཐབས་མི་འདང་བ། ས་གནས་ཀྱི་སྲུང་སྐྱོང་ཡོད་པ་སོགས་ཀྱི་གནད་དོན་སྔར་བཞིན་ལྷག་ཡོད། གོམ་སྟབས་རྗེས་མར་བཟོ་འཕྲིན་པུས་གནད་དོན་དེ་དག་ལ་དམིགས་ཏེ་སྤྱི་འདོམས་འཆར་འགོད་དང་སྲིད་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཐག་གཅོད་བྱ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།