འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་གོ་ཆང་།

    “མི་སེར་གྱིས་ཁྱིམ་གྱི་སྒོ་རྩ་ནས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཞབས་ཞུ་དེ་བས་ལེགས་པའི་སྒོ་ནས་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན”

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་གོ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་བགྲོད་ལམ”བརྒྱུད་སྐབས། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཁྱབ་རྒྱ་མུ་མཐུད་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་གྱི་སྨན་ཁང་གི་སྤུས་ལེགས་ཐོན་ཁུངས་དེ་བས་མང་བ་གཞི་རིམ་དུ་གཞི་ཚུགས་རྒྱུར་ཁྲིད་སྟོན་བཅས་བྱས་ནས། མི་སེར་ཚོས་ཁྱིམ་གྱི་སྒོ་རྩ་ནས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཞབས་ཞུ་དེ་བས་ལེགས་པའི་སྒོ་ནས་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཝང་གོ་ཆང་གིས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཞབས་ཞུ་བྱ་ཡུལ་གཙོ་བོ་གཞི་རིམ་ཡིན་ལ། ལས་ཀའི་གཙོ་གནད་ཀྱང་གཞི་རིམ་དུ་ཡོད་པས། རང་རྒྱལ་གྱིས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་ཆེན་པོ་རྒྱག་བཞིན་ཡོད་ཅེས་གསུངས་པ་རེད།
         ཀྲུང་ལུགས་གསོ་རིག་དང་སྨན་རྫས“ཕྱིར་སྐྱོད་པའི”སྐོར་གླེང་སྐབས། ཝང་གོ་ཆང་གིས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་183ལ་དར་ཁྱབ་བྱུང་བ་དང་བསྟུན་ནས་རང་རྒྱལ་གྱིས་ཚད་གཞི་ཁག་གཅིག་བཟོས་པ་དང“ཕྱིར་སྐྱོད་པའི”མཉམ་ལས་རྟེན་གཞི་ཁག་གཅིག་བསྐྲུན་ཡོད་མོད། འོན་ཀྱང་མིག་སྔར་རྒྱལ་སྤྱིར་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཆོག་འཐུས་ལ་ད་དུང་འགལ་རྐྱེན་ཡོད་པས། གོམས་སྟབས་རྗེས་མར་ལག་རྩལ་དང་། ཐབས་ཤེས། རིགས་པའི་གཞུང་ལུགས་བཅས་དེ་བས་མང་བ་ཕྱོགས་སྡོམ་བྱས་ནས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དར་སྤེལ་ཡག་པོ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།