འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་5པའི་སྔོན་ལ་ཐི་རོམ་ཕུ་དང་ཅིན་ཀྲེང་ཨེན་གཉིས་མཇལ་འཛོམས་གནང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཧྥ་རན་སེའི་གསར་འགྱུར་ཁང་དང་ཨ་རིའི་སྐུད་ལྡན་བརྙན་འཕྲིན་གསར་འགྱུར་དྲ་བ་(CNN)སོགས་སྨྱན་སྦྱོར་མང་པོ་ཞིག་གིས་སྤེལ་བའི་གནས་འཕྲིན་ལྟར་ན། ད་ལྟ་ཨ་མེ་རི་ཁ་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བཞིན་པའི་ལྷོ་ཁོ་རེ་ཡ་རྒྱལ་ཁབ་ཀྱི་ཆིན་ཝ་ཐའེ་རྒྱལ་ཁབ་བདེ་འཇགས་གཞུང་ལས་ཁང་གི་འགོ་འཛིན་ཀྲེང་དབྱི་རོང་གིས་ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་8ཉིན། ཨ་རིའི་སྲིད་འཛིན་ཐི་རོམ་ཕུ་ཡིས་ཁོང་གིས་བྱང་ཁོ་རེ་ཡའི་ཆེས་མཐོ་བའི་འགོ་ཁྲིད་ཅིན་ཀྲེང་ཨེན་དང་མཇལ་འཛོམས་གནང་རྒྱུ་ཡིན་ཚུལ་བསྟན་ཞེས་བསྒྲགས་པ་རེད།
           CNNཡིས་ཀྲེང་དབྱི་རོང་གི་སྐད་ཆ་དྲངས་པ་ལྟར་ན། དེ་སྔོན། ཅིན་ཀྲེང་ཨེན་གྱིས་མགྱོགས་མྱུར་ངང་ཐི་རོམ་ཕུ་དང་མཇལ་འཛོམས་བྱེད་འདོད་ཡོད་ཚུལ་བསྟན་པ་རེད། ཐི་རོམ་ཕུ་ཡིས་ཁོ་རེ་ཡ་གླིང་ཕྲན་ཕྱེད་ཀར་ཡུན་བརྟན་དུ་ཉིང་རྡུལ་མཚོན་ཆ་མེད་པ་མངོན་འགྱུར་བྱ་ཆེད། ཟླ་5པའི་སྔོན་ལ་ཅིན་ཀྲེང་ཨེན་དང་མཇལ་འཛོམས་བྱ་རེ་ཡོད་ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།