འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོས་མོལ་བྱས་ནས་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ། འབད་འཐབ་ཆེན་པོས་ལེའུ་གསར་
    པ་རྩོམ་འགོ་ཚུགས།

    —— སྲིད་གྲོས་ཀྱི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་བྱ་ཡུལ་གྱི་སྙན་ཞུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་06ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚོགས་ཆུང་ཁག་བགོས་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་གནང་ཞིང་། རིགས་ཁོང་34ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2100ལྷག་ཙམ་གྱིས་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད།
          ཨུ་ཡོན་ཚོས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱས་ནས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གྲོས་མོལ་སྲིད་གླེང་ཧུར་ཐག་བྱེད་པ། དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་འབུལ་དགོས་པ་དང་། བློ་གྲོས་ཀྱི་ཐབས་དང་དངོས་སྒྲུབ་ཀྱི་ཇུས་མུ་མཐུད་བཏོན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ངོས་འཛིན་གནང་བ་རེད།
         ཀྲུང་གོ་མཛེས་རྩལ་ཁང་གི་ཀོན་ཀྲང་ཨུ་ཡོན་ཝུའུ་ཝུའེ་ཧྲན་གྱིས“འདི་ལོའི་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་ཆབ་སྲིད་ཚུགས་གནས་མཐོ་བ་དང་ངེས་གནས་གནད་ལ་འཁེལ་ཞིང་། འདས་པའི་ལོ་ལྔའི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཡོད་ལ། སླད་ཕྱིན་གྱི་ལས་ཀར་ཡང་གནད་ལ་འཕིགས་པའི་གྲོས་འགོ་བཏོན་ཡོད་པས། དུས་རབས་གསར་པར་ང་ཚོས་ཇི་ལྟར་བྱས་ཏེ་འགན་འཁྲི་དེ་བས་ལེགས་པའི་ངང་སྒྲུབ་པར་ཁ་ཕྱོགས་གསལ་པོ་སྟོན་ཡོད། སྲིད་གྲོས་ཨུ་ཡོན་ཡིན་པའི་ང་ལ་ལྕག་སྐུལ་ཆེན་པོ་ཐེབས་བྱུང”ཞེས་གསུངས་པ་རེད།
         “མི་དམངས་སྲིད་གྲོས་ཀྱི་ལས་དོན་གལ་ཆེན་ཐམས་ཅད་ཏང་གི་འགོ་ཁྲིད་འོག་སྤེལ་བ་ཞིག་ཡིན་པ་དང་བྱེད་སྒོ་གལ་ཆེན་ཡོད་དོ་ཅོག་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་གཉེར་བ་ཞིག་རེད”ཅེས་ལེའོ་ཉིང་ཞིང་ཆེན་ཧྥུང་ཁྲེང་གྲོང་ཁྱེར་གྱི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨུ་ཡོན་ཁྲེང་ཏེས་གསུངས་པ་དང་ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་དེ་ཡིན་པས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་བ་དང་། ཏང་གི་འགོ་ཁྲིད་མངོན་འགྱུར་ཡོང་བའི་བྱ་ཐབས་ཏེ་གྲོས་མོལ་དམངས་གཙོ་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
         མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་གཏོང་ལ་དམ་པོར་དམིགས་ཏེ། ཁག་ཐེངས་8ལ་བགོས་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་13ལ་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་། གྲོས་འགོ་དེ་ཉིད“གསུམ་དོར་གཅིག་གཅོག་གཅིག་གསབ”དང་། དངོས་ཚན་དཔལ་འབྱོར་དར་རྒྱས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་སོགས་དང་འབྲེལ་བ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སློབ་གསོ་དང་། སྨན་བཅོས། ལས་ཞུགས། རྒན་གསོ་སོགས་ཀྱི་དོན་དངོས་གནད་དོན་དམ་འཛིན་བྱས་ཏེ་གཟིགས་ཞིབ་བརྟག་ཞིབ་དང་གྲོས་མོལ་སྲིད་གླེང་གི་བྱེད་སྒོ་ཐེངས་171སྤེལ་བ། རིགས་འདྲ་མིན་གྱི་གཟིགས་ཞིབ་རྟོག་ཞིབ་དང་། གྲོས་མོལ་ཚོགས་འདུའི་བྱེད་སྒོར་ཞུགས་མཁན་ཨུ་ཡོན་ཁྱོན་1635ཡོད་པ་དང་མི་ཐེངས་ཁྲི་2.85ཟིན་ཡོད་པ་རེད།
         “སྙན་སྒྲོན་ལ་གྲངས་གཞི་དང་དོན་དངོས་ཀྱི་གཞི་འཛིན་ས་ཡོད་པ་དང་། དངོས་སྒྲུབ་དང་མང་ཚོགས་ཀྱི་བསམ་ཚུལ་དང་མཐུན་པས་འདས་པའི་ལོ་ལྔའི་སྲིད་གྲོས་ལས་ཀར་ཐོབ་པའི་གྲུབ་འབྲས་གང་ལེགས་མངོན་ཡོད། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་བརྒྱུད་གྲོས་མོལ་སྲིད་གླེང་གི་རྣམ་པ་གསར་པ་ཆགས་ཡོད”ཅེས་པེ་ཅིང་ཐུང་རེན་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཨུ་ཡོན་ཝང་ཉིང་ལི་ཡིས་གསུངས་པ་རེད།
         གྲོས་གཞི་ནི་སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་སྒྲུབ་པའི་ཆེས་ཐད་ཀའི་བྱ་ཐབས་ཤིག་རེད། འདས་པའི་ལོ་ལྔའི་ནང་ཁྱོན་གྲོས་གཞི་29378འབྱོར་བ་ལས་གྲོས་གཞི་23975ཐོ་འགོད་བྱས་པ་དང་སྒྲུབ་གཉེར་བྱེད་ཚད་99%ཟིན་ཡོད་པ་རེད།
         རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨུ་ཡོན་ཡེ་ཆིང་གིས་ན་ནིང་ཚོགས་ཞུགས་ཀྱི་གྲོས་གཞི་གཙོ་བོ་སློབ་གྲྭའི་གཏུམ་སྤྱོད་ལ་དམིགས་པ་དང་། གྲོས་གཞི་སྒྲུབ་གཉེར་བྱེད་རིང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སོགས་སྡེ་ཚན་མང་པོས་མགྱོགས་མྱུར་ཞིབ་འཇུག་བྱས་ནས་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བཏང་ཡོད། “ན་ནིང་གི་ལོ་མཇུག་ཏུ་སློབ་གསོ་པུའུ་སོགས་སྡེ་ཚན་11གིས་མཉམ་དུ་《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བརྙས་བཅོས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པའི་ཇུས་གཞི་》པར་འགྲེམས་བྱས་པར་ང་རང་ཡིད་ཚིམ་པོ་བྱུང”ཞེས་གསུངས་པ་རེད།
         “ཆབ་སྲིད་གྲོས་མོལ་བྱེད་རིང་དོན་ཆེན་ལ་དམིགས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་རིང་སྐབས་དོན་ལ་དོ་ཁུར། དམངས་གཙོ་ལྟ་སྐུལ་བྱེད་རིང་དཀའ་གནད་ལ་དམིགས་པ་བཅས་བྱེད་དགོས། ང་ཚོས་མུ་མཐུད་གཞི་རིམ་དུ་བསྐྱོད་དེ་སྔར་བས་སྤུས་ཚད་ལྡན་པའི་གྲོས་གཞི་དང་ཐབས་དང་ཇུས་འདོན་དགོས”ཞེས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱི་རྒྱུན་ཨུ་ཨུ་ཡོན་མ་གོ་ཤང་གིས་གསུངས་པ་རེད།
         “སྙན་སྒྲོན་ནང་ལོ་ལྟར་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་དམིགས་དགོས་པ་དང་འབྲེལ་ཡོད་གཟིགས་ཞིབ་དང་བརྟག་ཞིབ་དེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་17དང་འབྲེལ་བ་ཡོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོར་ཁྱབ་པ་བྱེད་དགོས་ལུགས་བཏོན་ཡོད”རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་ཏུང་ཧྲེ་ཀྲང་ཨུ་ཡོན་ཆོན་ཧྲེང་མིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད། ཁོང་གིས“མི་རིགས་ས་ཁུལ་དང་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་ནས་ཡོང་བའི་ངས་ངེས་པར་དུ་གཞི་རིམ་དུ་བསྐྱོད་པ་དང་། བརྟག་ཞིབ་ལ་ཤུཌ་སྣོན་རྒྱག་པ། འགན་འཁྲི་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ་དགོས་ངེས་སྐབས་ཐབས་དང་ཇུས་འདོན་པ་དང་འགག་རྩར་ལྟ་སྐུལ་བྱ་རྒྱུ་ཡིན”ཞེས་གསུངས་པ་རེད།
         ང་ཚོས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་ནས་དམངས་འཚོའི་རྩ་བ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་གསར་པ་དང་བླང་བྱ་གསར་པ་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་དགོས”ཞེས་ཨུ་ཡོན་ཆའོ་ཁྲེན་ཤུའོ་ཡིས་གསུངས་པ་དང་། ཁོང་གིས་དམངས་ཀྱི་གནས་ཚུལ་དང་། དམངས་འཚོ། དམངས་ཀྱི་སེམས་ཁྲལ། དམངས་ཀྱི་རེ་སྒུག་བཅས་ཤེས་རྟོགས་ཞིབ་ཕྲ་བྱེད་པ་དང་གོང་ཞུ་ཧུར་ཐག་བྱེད་དགོས་པ་མ་ཟད། ནུས་ཤུགས་ཡོད་རྒུས་མང་ཚོགས་ཚོར་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།