འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་གྲོང་ནོར་བུ་སྲི་ཐར་གྱིས་སྲོལ་རྒྱུན་རིག་གནས་སྲུང་
    སྐྱོང་དང་རྒྱུན་འཛིན་སྐོར་ངོ་སྤྲོད་བྱ་རྒྱུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་06ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངསད་དྲ་བའི་འཕྲིན། “གསར་དུ་བདམས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་བོད་ཀྱི་ཨུ་ཡོན་ཞིག་གི་ངོས་ནས་རང་ཉིད་ལ་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། དེ་ནི་གཟི་བརྗིད་ཞིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན། ངས་འགན་འཁྲི་ལྕི་པོ་ཡིན་པ་ཚོར་ཐུབ་བྱུང་བས་དགའ་ཚོར་དང་སེམས་འགུལ་ཚད་མེད་ཐེབས་བྱུང་། ངས་ཚོགས་འདུའི་སྒྲིག་ཡིག་གཞིར་བཟུང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་སྲིད་ཞུགས་སྲིད་གྲོས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ་དང་ཆབས་ཅིག་ཚོགས་འདུའི་ཐོག་བོད་ལ་ལོ་འགའི་རིང་བྱུང་བའི་འགྱུར་ལྡོག་དང་ལྷག་དོན་དུ་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་ངོ་སྤྲོད་བྱ་རྒྱུ་ཡིན”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་གྲོང་ནོར་བུ་སྲི་ཐར་གྱིས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།