འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི"མགྱོགས་གྲུ་རྟགས་ཅན་ཨང་བཅུ་གཅིག་པའི"མེ་ཤུགས་འཕུར་མདའ་ལོ་འདིའི་
    ནང་ཐོག་མར་འཕེན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་06ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ལས་དོན་ཚོགས་པ་ཚད་ཡོད་ཀུང་སིས་ཞིབ་བཟོ་བྱས་པའི“མགྱོགས་གྲུ་རྟགས་ཅན་ཨང་བཅུ་གཅིག་པའི”སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ལོ་འདིའི་ནང་འཁོར་ཐོག་སྒུལ་བདེའི་བྱེད་ཐབས་ལ་བརྟེན་ནས་འཕངས་ཏེ་སྲུང་སྐར་ཚོང་ལས་ཅན་དང་། འདུ་ཚད་མཐོ་བ། མགྱོགས་འཕེན་བཅས་ཀྱི་དགོས་མཁོ་བསྐོང་རྒྱུ་ཡིན་པ་རེད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ལས་དོན་ཚོགས་པའི་ཁོངས་སུ་གཏོགས་པའི་ཧུའུ་པེ་འཇིག་རྟེན་འཕུར་སྐྱོད་ལག་རྩལ་ཞིབ་འཇུག་ཁང་གི་སྤྱི་ཁྱབ་ཇུས་འགོད་སུའོ་ཡི་ཚན་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་ཧུའུ་ཧྲེང་ཡོན་གྱིས་ཚེས་5ཉིན“མགྱོགས་གྲུ་རྟགས་ཅན་ཨང་བཅུ་གཅིག་པའི”འཕུར་སྐྱོད་སྤུས་ཚད་ཏུན་78ཟིན་པ་དང་ཐག་ཉེ་སའི་འཁོར་ལམ་ཐོག་སྐྱེལ་འདྲེན་བྱེད་ནུས་ཆེ་ཤོས་ཏུན་1.5ཟིན་པ། སྤྱི་ལེ་700ཡི་ཉི་མའི་མཉམ་བགྲོད་འཁོར་ལམ་གྱི་སྐྱེལ་འདྲེན་བྱེད་ནུས་ཏུན་1ཟིན་པ་བཅས་དང་གཙོ་བོ་སྤྱི་ལེ་400ནས་སྤྱི་ལེ་1500ཡི་ཐག་ཉེ་ས་དང་ཉི་མའི་མཉམ་བགྲོད་འཁོར་ལམ་གྱི་སྲུང་སྐར་ཆུང་གྲས་དང་། སྲུང་སྐར་ཆེས་ཆུང་གྲས་རྐྱང་པ། སྐར་ཚོགས་བཅས་འཕེན་པའི་ལས་འགན་འཁུར་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།