འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་2019ལོར་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་
    ཚུད་གྲོང་ཚོར་སྣུམ་ནག་ལམ་སྐྲུན་པའི་དམིགས་ཚད་བསྒྲུབ་རྒྱུ་ཡིན་ཞེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་06ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཞིང་པ་ཕྱིར་སྐྱོད་པའི“མཐའ་མའི་འགག་གནད”ཀྱི་གནད་དོན་ལ་དམིགས་ཏེ་ཚེས་5ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་ལི་ཞའོ་ཕང་གིས་མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་གི་བགྲོད་ལམ”ཐོག་2019ལོར་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོར་སྣུམ་ནག་ལམ་སྐྲུན་པའི་དམིགས་ཚད་བསྒྲུབ་རྒྱུ་རེད་ཅེས་གསུངས།
           ལི་ཞའོ་ཕང་གིས“འབྱོར་འབྲིང་ལམ་དུ་ས་གནས་གང་ཞིག་འགྲིམ་འགྲུལ་རྐྱེན་གྱིས་རྗེས་སུ་མི་ལུས་པ་བྱ་རྒྱུ་དེ་ནི་ང་ཚོས་ཏང་དང་མི་དམངས་ལ་བརྗིད་ཆེའི་དམ་བཅའ་བཞག་པ་ཞིག་རེད”ཅེས་གསུངས་པ་དང་། ཁོང་གིས་གྲོང་གསེབ་ཀྱི་གཞུང་ལམ་གང་ཐུབ་ཅི་ཐུབ་ཀྱིས་གྲོང་ཚོ་དང་དུད་ཚང་དུ་ཕྱོགས་ནས་2020ལོར་སླེབས་སྐབས་ཆ་རྐྱེན་འཛོམས་པའི་སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་འབྲེལ་གྲོང་གསེབ་ཀྱི་ས་ཁུལ་དུ་བདེ་སྲུང་འདུ་འགོད་ལག་བསྟར་བྱས་ཏེ་2020ལོར་སླེབས་སྐབས་ཤང་ཡན་གྱི་ཉེན་ཁ་ཆེ་བའི་གཞུང་ལམ་ཕྱོགས་ཡོངས་ནས་རྒྱས་སྐྲུན་བྱས་ཏེ་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།