འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅༎ལི་པེ་རི་ཡའི་སྲིད་འཛིན་གྱིས་ཀྲུང་གོའི་ཞི་བདེ་སྲུང་བའི་ཉེན་རྟོག་པར་གཟེངས་རྟགས་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅༎ལི་པེ་རི་ཡའི་སྲིད་འཛིན་གྱིས་ཀྲུང་གོའི་ཞི་བདེ་སྲུང་བའི་ཉེན་རྟོག་པར་གཟེངས་རྟགས་གནང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་28ཉིན། ལི་པེ་རི་ཡ་རྒྱལ་ཁབ་ཀྱི་སྲིད་འཛིན་ཆོ་ཀྲི་·ཝེ་ཨ་ཡིས་ལི་པེ་རི་ཡར་བཅའ་སྡོད་ཀྱི་ཀྲུང་གོའི་ཞི་བདེ་སྲུང་བའི་ཉེན་རྟོག་རུ་ཁག་ལྔ་པར་མཇལ་འཕྲད་གནང་བར་མ་ཟད། འབར་གས་སྔོན་འགོག་རུ་ཁག་ལ"ལི་པེ་རི་ཡ་རྒྱལ་ཁབ་ཀྱི་གཟེངས་རྟགས"གནང་བ་རེད།
          སྲིད་འཛིན་ཝེ་ཨ་ཡིས་མཇལ་འཕྲད་གནང་དུས། "ཁྱེད་ཚོར་ཕྱིར་ཕ་ཡུལ་དུ་ལོག་དགོས་པ་རེད། ཁྱེད་ཚོས་ཞི་བདེ་ལ་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཆེ། ཁྱེད་ཚོས་ལི་པེ་རི་ཡར་བསྒྲུབ་པའི་བྱས་རྗེས་ལ་བཀའ་དྲིན་ཆེ། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་ང་རང་གི་འཚམས་འདྲི་དང་གུས་འདུད་འདི་ཉིད་སྐྱེལ་རོགས"ཞེས་བརྗོད་པ་དང་། དེ་རྗེས། ཁོང་གིས་རྒྱ་སྐད་ནས"བཀའ་དྲིན་ཆེ"ཞེས་བརྗོད་པ་རེད།
          ཤེས་རྟོགས་བྱུང་གསལ་དུ། ལི་པེ་རི་ཡར་བཅའ་སྡོད་ཀྱི་ཀྲུང་གོའི་ཞི་བདེ་སྲུང་བའི་ཉེན་རྟོག་རུ་ཁག་ལྔ་པའི་རུ་མི་མང་ཆེ་བ་ནི་ཚེས་28ཉིན་གྱི་ཕྱི་དྲོར། གནམ་གྲུར་བསྡད་དེ་རང་རྒྱལ་དུ་ལོག་པ་དང་། འབར་གས་སྔོན་འགོག་གི་རུ་མི་ཁ་ཤས་ད་དུང་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ཡོད་པ་རེད།
    ༄༅༎ལི་པེ་རི་ཡའི་སྲིད་འཛིན་གྱིས་ཀྲུང་གོའི་ཞི་བདེ་སྲུང་བའི་ཉེན་རྟོག་པར་གཟེངས་རྟགས་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།