འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཀླུ་ཆུ་རུ་སྨོན་ལམ་ཆེན་མོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀན་སུའུ་ཀླུ་ཆུ་རུ་སྨོན་ལམ་ཆེན་མོ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་28ཉིན། ཀན་ལྷོ་ཁུལ་ཀླུ་ཆུ་རྩྭ་ཐང་དུ་གཟབ་རྒྱས་ཆེ་བའི"སྨོན་ལམ་ཆེན་མོ"འཚོག་འགོ་ཚུགས་པ་རེད། ཀླུ་ཆུ་རྫོང་གི་མང་ཚོགས་ཀྱིས་ཞིང་འབྲོག་གི་ལས་ཀ་གནས་སྐབས་མཚམས་བཞག་ནས་དུས་ཆེན་གྱི་གཟབ་འཆོར་སྤྲས་ཏེ་དགོན་པར་མཉམ་འཛོམས་བྱས་པ་རེད།
         ལུགས་རྙིང་གི་ཟླ་བ་དང་པོའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ཀན་སུའུ་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་སོ་སོས་གོས་སྐུ་བཤམས་པ་དང་། མེ་ཏོག་མཆོད་པ་བཤམས་པ། རྒྱལ་བ་བྱམས་པར་བསྐོར་བ་སོགས་དམངས་སྲོལ་བྱེད་སྒོ་ཕུན་སུམ་ཚོགས་དང་ཆོས་ལུགས་ཀྱི་བྱེད་སྒོ་གཞི་རྒྱ་ཆེན་པོ་སྤེལ་ནས་དགའ་སྤྲོའི་ངང་སྨོན་ལམ་ཆེན་མོ་འཚོགས་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།ཀན་སུའུ་ཀླུ་ཆུ་རུ་སྨོན་ལམ་ཆེན་མོ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།