འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡེ་མེན་རྒྱལ་ཁབ་ཀྱི་གདོང་གཏུག་ཕྱོགས་ཁག་ནས་འཐབ་འཁྲུག་
    མཇུག་བསྒྲིལ་བར་འབོད་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཡེ་མེན་རྒྱལ་ཁབ་ཀྱི་གནད་དོན་དམིགས་བསལ་ཕོ་ཉ་ཞུའེ་ཧོ་ཨེ་ཧ་མའེ་ཏི་ཡིས་ཡེ་མེན་རྒྱལ་ཁབ་ཀྱི་གདོང་གཏུག་ཕྱོགས་ཁག་གིས་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་བཟུང་ནས་འཐབ་འཁྲུག་མཇུག་བསྒྲིལ་བར་འབོད་སྐུལ་བྱས་པ་རེད།
           ཉིན་དེར་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱི་ཡེ་མེན་རྒྱལ་ཁབ་ཀྱི་གནས་བབ་བརྡ་ཁྱབ་ཚོགས་འདུ་ཐོག་ཏུ། ཞུའེ་ཧོ་ཨེ་ཧ་མའེ་ཏི་ཡིས་ད་ལྟ་གདོང་གཏུག་ཕྱོགས་ཁག་ཚོ་ཡིས་གནད་དོན་ཁ་ཤས་ཐོག་ནས"ངོས་ཟིན་གཅིག་མཐུན"གྲུབ་ཡོད་པ་དང་། ཕན་ཚུན་ཡིད་རྟོན་གྱི་རྣམ་པ་ཞིག་བཙུགས་ཡོད། འོན་ཀྱང་། "རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་བཟུང་བའི་ཁས་ལེན"མི་འདུག་ཅེས་བརྗོད། ཁོང་གིས་ཁས་ལེན་འདི་ཉིད་མེད་པ་ལས་མི་མང་པོ་ཞིག་ལ་གདོང་གཏུག་ཕྱོགས་ཁག་གིས་འཐབ་འཁྲུག་འདི་ཉིད་མཇུག་བསྒྲིལ་བ་ངོ་མ་ཡིན་མིན་ལ་ཐེ་ཚོམ་ཡོད་ཚུལ་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།