འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀེ་རི་སེའི་པི་ཀང་གྲུ་ཁར་ཚད་ལྡན་དོས་སྒམ་ཁྲི་གཉིས་བླུགས་པའི་གྲུ་གཟིངས་ཐོག་མ་དེ་འབྱོར་བ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཀྲེང་ཅི་དང་ལིའུ་ཡུང་ཆིའུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པས་ཚེས26ཉིན་ཀེ་རི་སེའི་གྲུ་ཁ་ཆེ་ཤོས་པི་ལེ་ཨེ་ཧྥུའུ་སི་གྲུ་ཁར་མཛད་སྒོ་འཚོགས་ནས་ཀུང་སི་དེས་མ་དངུལ་ཆ་ཚང་བཏང་བ་དང་དེར་དབང་བའི་པི་ཀང་དོས་སྒམ་གྲུ་ཁ་ཚད་ཡོད་ཀུང་སིའི་ཚད་ལྡན་དོས་སྒམ་ཁྲི་2བླུགས་པའི་གྲུ་གཟིངས་ཨང་གསུམ་པ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཚོགས་པ་དེའི“ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་གསེར་གླང་སྐར་ཚོམ་རྟགས་ཅན”གྱི་ཚད་ལྡན་དོས་སྒམ་ཁྲི་2བླུགས་པའི་དོས་སྒམ་གྲུ་གཟིངས་པི་ཀང་གྲུ་ཁར་ཐོག་མར་འབྱོར་བར་རྟེན་འབྲེལ་ཞུས་པ་རེད།
           ཀེ་རི་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ཀའོ་ཝུན་ཆི་ཡི་གཏམ་བཤད་ནང་འདི་ལོ་པི་ཀང་གྲུ་ཁར་འབྱོར་བའི“ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་གསེར་གླང་སྐར་ཚོམ་རྟགས་ཅན”གྱི་དོས་སྒམ་གྲུ་གཟིངས་ནི་པི་ཀང་དོས་སྒམ་གྲུ་ཁ་ཚད་ཡོད་ཀུང་སིར་འབྱོར་བའི་གྲུ་གཟིངས་ཆེ་ཤོས་དེ་ཡིན་ཞིང་། དེ་ཐོག་ནས་པི་ཀང་གྲུ་ཁ་དེ་དུས་རབས་གསར་པར་སླེབས་པ་མཚོན་པ་མ་ཟད། པི་ཀང་དོས་སྒམ་གྲུ་ཁ་ཚད་ཡོད་ཀུང་སིས་རང་ངོས་ཀྱི་སྒྲིག་ཆས་དང་ཞབས་ཞུ་མུ་མཐུད་ལེགས་བཅོས་བྱས་པ་དེར་གྲུ་དཔོན་དང་ཚོང་དུད་ཀྱི་ཁས་ལེན་ཐོབ་པ་མཚོན་ཡོད་ཅེས་བཤད། ཀའོ་ཝུན་ཆི་ཡིས་པི་ཀང་གྲུ་ཁའི་རྣམ་གྲངས་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་དང་། རིག་གནས། སློབ་གསོ། ཚན་རྩལ། སྨྱན་སྦྱོར། རིག་གཞུང་ཞིབ་འཇུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྣེ་ཁྲིད་ཐུབ་རྒྱུ་རེད་ཅེས་བཤད།
          ཀེ་རི་སེའི་མཚོ་ཐོག་སྐྱེལ་འདྲེན་པུའི་པུའུ་ཀྲང་ཁུའུ་ལུན་པུའུ་ལི་སིས་མཛད་སྒོའི་ཐོག་གཏམ་བཤད་སྤེལ་སྐབས་ཀྲུང་གོ་དང་ཀེ་རི་སེ་དང་དེ་བཞིན་ཡོ་རོབ་ཧྲིལ་པོ་མཉམ་དུ་འབྲེལ་བའི“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་བཞིན་ཡོད་ལ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་པོའི་མཉམ་ལས་ལའང་སྐུལ་འདེད་ཐུབ་ཡོད་ཅེས་བཤད།
          ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་གྲུ་ཁ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཁྲེན་ཁེང་གིས་པི་ཀང་དོས་སྒམ་གྲུ་ཁ་ཚད་ཡོད་ཀུང་སི་ནི་ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཀུང་སིས་མ་དངུལ་ཆ་ཚང་བཏང་བ་དང་དེར་དབང་བའི་ཕྱི་རྒྱལ་གྱི་གྲུ་ཁ་དང་པོ་དེ་རེད། ཀེ་རི་སེའི་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་གྲུ་ཁ་ཚད་ཡོད་ཀུང་སིས་པི་ཀང་གྲུ་ཁར་ཡོ་སྒོར་དུང་ཕྱུར་5.5བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་འབྲེལ་པི་ཀང་གྲུ་ཁ་དང་ཡོ་རོབ་མནའ་འབྲེལ་ཧྲིལ་པོ་ལྕགས་ལམ་དང་འབྲེལ་བར་བརྟེན་ས་ཆ་དེར་ལས་ཞུགས་ཀྱི་ལས་གནས་1600ལྷག་ཙམ་བཏོད་ཡོད་ཅེས་བཤད།
          ཀེ་རི་སེའི་སྲིད་གཞུང་དང་། གྲོས་ཚོགས། ཏང་ཤོག་ཁག ཚོང་ལས་མི་སྣ་སོགས་མི་200ཙམ་དེ་ཉིན་གྱི་མཛད་སྒོར་ཞུགས་ཡོད་པ་རེད།
          ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཀུང་སིས་2008ལོའི་ཟླ་11པར་ཀེ་རི་སེ་སྲིད་གཞུང་དང་དམིགས་བསལ་གཉེར་སྐྱོང་དབང་ཆའི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་པི་ཀང་དོས་སྒམ་གྲུ་ཁ་ཚད་ཡོད་ཀུང་སི་བཙུགས་པ་རེད། 2016ལོའི་ཟླ་8པར་ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་པི་ལེ་ཨའེ་ཧྥུའུ་སི་གྲུ་ཁ་ཚད་ཡོད་ཀུང་སི་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། 2016ལོར་པི་ཀང་གྲུ་ཁར་ཚད་ལྡན་དོས་སྒམ་འདོན་འཇུག་བྱེད་ཚད་ཁྲི་374ཟིན་པ་དེ་2010ལོའི་ཚད་ལྡན་དོས་སྒམ་ཁྲི་88འདོན་འཇུག་བྱེད་ཚད་དང་བསྡུར་ན་ལྡབ་4ལྷག་འཕར་ཡོད། པི་ཀང་གྲུ་ཁར་དོས་སྒམ་འདོན་འཇུག་བྱེད་ཚད་དེ་གོ་ལ་ཧྲིལ་པོའི་ཨང་93ནས་ད་ཆའི་ཨང་38ལ་སླེབས་ཡོད། 2017ལོར་པི་ཀང་གྲུ་ཁ་ནས་ཚད་ལྡན་དོས་སྒམ་འདོན་འཇུག་བྱེད་ཚད་ཁྲི་400བརྒལ་ནས་གོ་ལ་ཧྲིལ་པོའི་ཨང་རིམ་མུ་མཐུད་མདུན་གྲལ་དུ་སླེབས་རེ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།