འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།《རྒྱལ་ཁབ་ཀྱི་གཅེས་ནོར་》ཞེས་པའི་རོལ་དབྱངས་འདུ་ཚོགས་ནེའུ་ཙི་ལན་དུ་ཐེངས་
    དང་པོ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་27ཉིན་ཀྲུང་གོ་གླུ་གར་ཟློས་གར་ཁང་མི་རིགས་རོལ་དབྱངས་ཚོགས་པས་གཙོ་འགན་འཁུར་བའི་《རྒྱལ་ཁབ་ཀྱི་གཅེས་ནོར་》ཞེས་པའི་དཔྱིད་གསར་རོལ་དབྱངས་འདུ་ཚོགས་ནེའུ་ཙི་ལན་དུ་ཐེངས་དང་པོ་གཉེར་ནས་ནེའུ་ཙི་ལན་གྱི་གྲོང་ཁྱེར་ཆེ་གྲས་དང་པོ་ཨོ་ཁེ་ལན་དུ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་དེ་བཞིན་ས་གནས་དེ་གའི་རིགས་རྒྱུད་གཞན་དག་གི་དམངས་ཚོགས་བཅས་ལ་ལྟད་མོ་ཆེ་བའི་སྒྱུ་རྩལ་འཁྲབ་སྟོན་བྱས་པ་རེད།
          འཁྲབ་སྟོན་ཚོགས་པའི་ཚོགས་གཙོ་ལོན་ཏུང་གིས་ངོ་སྤྲོད་བྱས་དོན། ད་ཐེངས་མི་རིགས་ཀྱི་འབུད་དཀྲོལ་རོལ་ཆ་དཀྲོལ་གཏོང་བྱས་པ་འདིས་ཀྲུང་གོའི་མི་རིགས་རོལ་དབྱངས་ཀྱི་རྒྱལ་ཁབ་ཀྱི་གཟུགས་བརྙན་མཚོན་པ་དང་། སྲོལ་རྒྱུན་གྱི་མི་རིགས་རོལ་དབྱངས་གཞི་རྒྱུར་བྱས་པ་དང་ལྷག་དོན་དུ་ཀྲུང་གོའི་དེང་རབས་ཕུལ་བྱུང་གཞས་གདངས་རྩོམ་མཁན་ཆེད་མངགས་གཞས་གདངས་གསར་རྩོམ་དང་། གསར་རྩོམ་ཞིབ་ཚགས་བྱེད་པར་གདན་དྲངས་ཏེ་ས་ཁོངས་མི་འདྲ་བ་དང་རོལ་དབྱངས་ཀྱི་རྣམ་པ་མི་འདྲ་བ་ཡོད་པ་བྱས་པས་མི་རིགས་ཀྱི་ཉམས་འགྱུར་དང་། བརྩེ་སེམས། སྙིང་སྟོབས་བཅས་གང་ལེགས་མངོན་ཡོད་པ་རེད།
          《རྒྱལ་ཁབ་ཀྱི་གཅེས་ནོར་》ཞེས་པའི་རོལ་དབྱངས་འདུ་ཚོགས་འཇར་མན་དང་། སུའེ་ཙེར། ཧང་ག་རི། ཨོ་སི་ཁྲུ་རི་ཡ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་ཏུ་སྐོར་སྐྱོད་འཁྲབ་སྟོན་བྱེད་པར་བསྐྱོད་མྱོང་བ་དང་། འདི་ལོ་ནི“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་སྤུས་རྟགས་བྱེད་སྒོ་རྒྱ་མཚོ་ཆེན་པོའི་གླིང་ཆེན་དུ་བསྐྱོད་ཐེངས་གསུམ་པ་ཡིན་པ་དང་། ནེའུ་ཙི་ལན་དུ་ཐེངས་དང་པོ་བསྐྱོད་དེ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་དེ་བཞིན་ས་གནས་དེ་གའི་རིགས་རྒྱུད་གཞན་དག་གི་དམངས་ཚོགས་བཅས་ལ་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་དགའ་སྤྲོ་རྟེན་འབྲེལ་གྱི་རྣམ་པ་ཚོར་ཐུབ་པ་བྱས་ཡོད་པ་རེད། ད་ཐེངས་ཀྱི་འཁྲབ་སྟོན་མཇུག་འགྲིལ་རྗེས་འཁྲབ་སྟོན་ཚོགས་པ་ད་དུང་ཨོ་སི་ཁྲུ་ལི་ཡར་མུ་མཐུད་སྐོར་སྐྱོད་འཁྲབ་སྟོན་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།