འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མ་ལེ་ཞི་ཡའི་ཙུང་ལིས་ཀྲུང་གོ་དང་མཉམ་ལས་བྱས་པས་གཉིས་ཁེ་བྱུང་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་27ཉིན་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུས་ཀྲུང་གོའི་བཟོ་ཚོང་རིགས་ཁོངས་ནི་མ་ལེ་ཞི་ཡས་མ་འོངས་པར་ཡོང་འབབ་མཐོ་བ་དང་རྩལ་ནུས་ཆེ་བའི་རྒྱལ་ཁབ་སྐྲུན་པའི་རོགས་ཟླ་གལ་ཆེན་ཞིག་རེད། ཀྲུང་གོས་མུ་མཐུད་མ་འཇོག་བྱ་རྒྱུར་མ་ལེ་ཞི་ཡས་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོ་དང་མཉམ་ལས་བྱས་པས་གཉིས་ཁེ་བྱུང་ཡོད་ཅེས་བརྗོད་པ་རེད།
         དེ་ཉིན་ན་ཅི་པུའུ་མ་ལེ་ཞི་ཡ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་ལུགས་རྙིང་ལོའི་ལོ་གསར་བྱེད་སྒོར་ཞུགས་ཤིང་། ཁོང་གིས་གཏམ་བཤད་གནང་སྐབས་ཉེ་བའི་ལོ་གཉིས་རིང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་ལ་ཕྱིན་དྲན་བྱས་པ་དང་ཆབས་ཅིག་ཀྲུང་གོའི་ཁེ་ལས་མཁས་ཅན་མ་ལེ་ཞི་ཡའི་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
         ན་ཅི་པུས་མ་ཀྲུང་གི་ཀོན་ཏན་ཐོན་ལས་གླིང་གི་ཀྲུང་གོའི་མ་འཇོག་རྣམ་གྲངས་མཉམ་འབྲེལ་ལྕགས་དང་ངར་ལྕགས་ལ་དཔེ་བཞག་ན། རྣམ་གྲངས་དེས་ལས་གནས་ཆིག་སྟོང་ལྷག་ཙམ་བཏོད་པ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད། ཁོང་གིས་མ་ལེ་ཞི་ཡའི་བཟོ་པས་རྩལ་ནུས་ཤེས་པ་དང་ཡོང་འབབ་ཀྱང་མཐོ་རུ་ཕྱིན་ཡོད། དེས་ཀྲུང་གོའི་ཀུང་སི་དང་མ་འཇོག་མཁན་ལ་ཕན་པ་ཐོབ་པ་མ་ཟད་མ་ལེ་ཞི་ཡའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་ཐོབ་ཡོད་ཅེས་བརྗོད་པ་རེད།
         ཁོང་གིས་ད་དུང་ཞ་མོན་སློབ་ཆེན་མ་ལེ་ཞི་ཡ་ཡན་ལག་སློབ་གྲྭ་དང་། ཨ་ལི་པ་པ་དང་མཉམ་ལས་མ་འཇོག་བྱེད་པའི་གྲངས་གཞིའི་རང་མོས་ཚོང་དོན་ཁུལ། མ་ལེ་ཞི་ཡ་ནས་ཐོན་པའི་རླངས་འཁོར་སྤུས་རྟགས་པའོ་ཐིང་གི་མ་རྐང་ནང་ཞུགས་པའི་ཅི་ལི་རླངས་འཁོར་དང་དེ་བཞིན་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཤར་རྒྱ་མཚོའི་ངོགས་ཀྱི་ལྕགས་ལམ་སོགས་ཀྱི་སྐོར་བརྗོད་པ་མ་ཟད། མཉམ་ལས་དེ་དག་ལས་གཉིས་ཁེ་ཐོབ་ལུགས་བརྗོད་པ་རེད།
         ན་ཅི་པུས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་གདེང་འཇོག་ཆེན་པོ་བྱས་ནས་མ་ལེ་ཞི་ཡ་ཕྱོགས་ལ་དེའི་ཁྲོད་ནས་ཕན་པ་ཆེན་པོ་ཐོབ་རྒྱུའི་ངོས་འཛིན་བྱས་ཡོད། ཁོང་གིས“གལ་སྲིད་མ་ལེ་ཞི་ཡས‘རྒྱུད་གཅིག་ལམ་གཅིག’ནང་མ་ཞུགས་ན་རྒྱལ་ཁབ་ལ་འགན་འཁྲི་མི་འཁུར་བ་ཞིག་རེད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།