འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཁམ་ཕུ་ཁྲེར་དེང་རབས་ཅན་གྱི་སྨན་བཅོས་སྒྲིག་ཆས་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་28ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་26ཉིན། ཀྲུང་གོ་རྒྱལ་སྲུང་པུས་ཁམ་ཕུ་ཁྲེའི་ཝང་ཅ་ཅུན་སྤྱི་ཁྱབ་སྨན་ཁང་ལ་སྒྲིག་ཆས་རྩིས་སྤྲོད་རྩིས་ལེན་མཛད་སྒོ་ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་དུ་གཉེར་བ་རེད།
          ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་རྒྱལ་སྲུང་བློན་ཆེན་གཅིག་ལྕོགས་ཏི་པན་གྱིས་རྩིས་སྤྲོད་རྩིས་ལེན་མཛད་སྒོའི་ཐོག་ཀྲུང་གོར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རོགས་སྐྱོར་སྒྲིག་ཆས་ལས་ཀྲུང་གོས་ཁམ་ཕུ་ཁྲེའི་སྨན་བཅོས་བྱ་གཞག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་མཚོན་ཐུབ། ཀྲུང་གོས་ཕྱོགས་ཁག་ནས་རོགས་རམ་བྱས་པར་ཁམ་ཕུ་ཁྲེའི་འཕེལ་རྒྱས་ལ་གལ་འགངས་ཤིན་ཏུ་ཆེ། ཀྲུང་གོ་ནི་རླབས་ཆེན་གྱི་འཕེལ་རྒྱས་རོགས་ཟླ་ཞིག་རེད་ཅེས་བརྗོད།
         ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུང་པོ་ཡིས་ཉེ་བའི་ལོ་ཤས་རིང་ཀྲུང་ཁམ་དམག་དཔུང་གཉིས་དབར་སྤེལ་རེས་དང་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་དམག་དོན་དང་སྨན་བཅོས་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། དམག་དོན་རོགས་སྐྱོར་གྱི་སྨན་བཅོས་སྒྲིག་ཆས་དེ་དག་ལས་ཝང་ཅ་ཅུན་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་བ་དང་ཁམ་ཕུ་ཁྲེའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རོགས་སྐྱོར་བྱས་པའི་སྒྲིག་ཆས་ལ་རིམ་པ་128ཀྱི་CTམ་ལག་དང་། ལུས་ཕྱིའི་ཟུངས་ཁྲག་འཁོར་རྒྱུག་འཕྲུལ་ཆས། སྙིང་ཁམས་ཚད་བརྒལ་སྒྲའི་ཡོ་ཆས་སོགས་དེང་རབས་ཅན་གྱི་སྨན་བཅོས་སྒྲིག་ཆས་ཚུད་ཡོད། གཞན་ཡང་ཀྲུང་གོ་ཕྱོགས་ཀྱིས་སྨན་པ་དྲུག་ལས་གྲུབ་པའི་ཁམ་ཕུ་ཁྲེར་རོགས་སྐྱོར་སྨན་བཅོས་ཚོགས་ཆུང་མངགས་པ་དང་ཁོང་ཚོས་ཝང་ཅ་ཅུན་སྤྱི་ཁྱབ་སྨན་ཁང་ལ་ལག་རྩལ་རྒྱབ་སྐྱོར་དང་འབྲེལ་གསོ་སྦྱོང་བྱ་རྒྱུ་རེད།
         ཝང་ཅ་ཅུན་སྤྱི་ཁྱབ་སྨན་ཁང་གི་ཡོན་ཀྲང་ལི་སུའོ་ཝན་གྱིས་སྔོན་ཐོན་སྒྲིག་ཆས་དེ་དག་དང་ཁམ་ཕུ་ཁྲེར་རོགས་སྐྱོར་ཀྲུང་གོའི་སྨན་པ་ཚོས་ང་ཚོར་འབྲས་སྐྲན་དང་། ཀླད་རྩ་འགག་པ། འཕར་རྩའི་སྐྲན་སོགས་ལ་བརྟག་དཔྱད་སྔར་བས་ཡག་པོ་བྱ་རྒྱུར་རོགས་རམ་ཐུབ་ནས་སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་སྲིད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།