འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡས་ལག་ཐོགས་ཁ་པར་གྱི་མཉེན་ཆས་བཟོས་ནས་སྔོ་ཚལ་ཟ་རྒྱུར་ལྕག་སྐུལ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་28ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་ཚན་རིག་དང་བཟོ་ལས་ཞིབ་འཇུག་རྩ་འཛུགས་ཀྱིས་མི་རིང་བའི་གོང་ལག་ཐོགས་ཁ་པར་གྱི་མཉེན་ཆས་ཤིག་ཁྱབ་བསྒྲགས་བྱས་ནས། མི་རྣམས་ལ་སྔོ་ཚལ་མི་ཟ་བའི་གོམས་གཤིས་ངན་པ་བཅོས་རོགས་བྱས་པ་རེད།
          ཨོ་སི་ཁྲུ་ལི་ཡའི་མི་ཚོས་འཚོ་བའི་ཕྱོགས་གང་ཅིར་ཁོར་ཡུག་སྲུང་སྐྱོང་དང་བདེ་ཐང་ལ་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་། བཟའ་བཏུང་ཐད་སྒྱུར་བཅོས་བྱེད་དཀའ་བ་ཞིག་རེད། ཞིབ་འཇུག་ལས་མངོན་པ་ལྟར་ན། ཨོ་སི་ཁྲུ་ལི་ཡའི་མི་གསུམ་ཆ་གཉིས་ཀྱིས་ཉིན་ལྟར་ལུས་པོར་མཁོ་བའི་སྔོ་ཚལ་གྱི་ཚད་གཞི་འདང་གི་མེད་པ་དང་ལྷག་པར་དུ་དགོང་ཟས་སྐབས་སྔོ་ཚལ་རིགས་ཟ་ཉུང་བའི་དབང་གིས་ཨོ་སི་ཁྲུ་ལི་ཡའི་མི་རྣམས་རྒྱགས་པ་ཆགས་པ་སོགས་བདེ་ཐང་གནད་དོན་གྱི་རྒྱུ་རྐྱེན་ཁག་གཅིག་ཐོན་གྱི་ཡོད།
         ལག་ཐོགས་ཁ་པར་ཐོག་གྱི་མཉེན་ཆས་དེའི་དམིགས་ཡུལ་ནི་ཨོ་སི་ཁྲུ་ལི་ཡའི་མི་རྣམས་ལ་བསྟུད་མར་ཉིན་21རིང“དགོང་ཟས་སྐབས་སྔོ་ཚལ་རིགས་གསུམ་ཟ་རྒྱུར”འགྲན་སློང་བྱ་རྒྱུའི་ལྕག་སྐུལ་བཏང་ནས་སྔོ་ཚལ་མང་ཙམ་ཟ་བའི་གོམས་གཤིས་བཟང་པོ་འཇགས་པ་བྱ་རྒྱུ་དེ་རེད། གོ་རིམ་དེས་ཉིན་ལྟར་མི་ཚོས་སྔོ་ཚལ་ཟ་བའི་གནས་ཚུལ་ཐོ་འགོད་པ་དང་ཆབས་ཅིག་དགོས་ངེས་ཀྱི་དྲན་སྐུལ་དང་བྱ་དགའ་སྤྲོད་ཀྱི་ཡོད།
          རྒྱལ་ཕྲན་མཉམ་འབྲེལ་ཚན་རིག་དང་བཟོ་ལས་རྩ་འཛུགས་ཀྱི་དབུ་བཞུགས་མཐོ་རིམ་ཞིབ་འཇུག་པ་དགེ་རྒན་ཆེ་མོ་བ་མན་ཉི་·ནོ་ཁེ་སིས་སྒྲིག་གཞི་དེས་མཉེན་ཆས་དེའི་སྤྲོ་སྣང་ཆེན་པོ་འཕེལ་བའི་ཁྱད་ཆོས་བརྒྱུད་ཨོ་སི་ཁྲུ་ལི་ཡའི་མི་ཚོའི་བཟའ་བཏུང་གི་གོམས་གཤིས་ལ་འགྱུར་ལྡོག་གཏོང་རྒྱུའི་ལྕག་སྐུལ་བྱ་རྒྱུ་རེད་ཅེས་བརྗོད།
          ནོ་ཁེ་སིས་ཉིན་ལྟར་མཉེན་ཆས་སྤྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས་གཟའ་འཁོར་འགའ་སོང་རྗེས་སྤྱོད་མཁན་ཚོས་སྔོ་ཚལ་མི་ཟ་བའི་བསམ་བློའི་འཁྱེར་སོར་རིམ་པས་འགྱུར་ལྡོག་གཏོང་ཐུབ་པ་དང་ཆབས་ཅིག་རང་ཉིད་ཀྱི་གཟུགས་པོའི་བདེ་ཐང་ལ་ཕན་ཐོགས་ཡོད་པ་ཤེས་ཐུབ་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།