འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་པའི་མཚན་སློབ་ཀྱིས་དབུལ་པོའི་བློ་མུན་བསལ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཏིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སི་ཁྲོན་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཏེ་ཁྲང་རྫོང་ཀྲུང་ལེའང་གྲོང་ཚོའི“ཞིང་པའི་མཚན་མོའི་སློབ་གྲྭའི”སློབ་ཁང་དུ་ཏེ་ཁྲང་རྫོང་ནགས་ལས་ཅུས་ཀྱི་རིགས་གཅིག་མཁས་ཅན་དབྱང་ཧྲེང་ཅུན་གྱིས་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་། གྲོང་སྡོད་ལས་དོན་ཚོགས་ཆུང་། ཞིང་ལས་ལག་རྩལ་པ། གྲོང་ཚོའི་ལས་བྱེད་པ། དུད་ཚང་དབུལ་པོ་སོགས་མི་52ལ་སྟར་ཁ་འདེབས་སྟངས་དང་། ལུད་རྒྱག་སྟངས། རྒྱུན་གཏན་གྱི་གཡོག་བྱེད་ལག་རྩལ་སོགས་སློབ་བཞིན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ཟླ་8ནས་བཟུང་། སི་ཁྲོན་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་དངོས་ཡོད་དགོས་མཁོ་གཞིར་བཟུང་། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་དུ“ཞིང་པའི་མཚན་སློབ”བཙུགས་ནས་ཞིང་པ་མང་ཚོགས་ལ་སྲིད་ཇུས་དང་། བཅའ་ཁྲིམས། ལག་རྩལ། རིག་གནས་བཅས་སློབ་ཀྱི་ཡོད། མིག་སྔའི་བར་སི་ཁྲོན་ཞིང་ཆེན་ཡོངས་སུ“ཞིང་པའི་མཚན་སློབ”45832བཙུགས་པ་དེ་དག་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་ཡོད།
         སི་ཁྲོན་ཞིང་ཨུད་རྩ་འཛུགས་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གནད་སྨིན་སློབ་གསོ་ལག་བསྟར་མཐའ་འཁྱོངས་བྱ་ཆེད། སི་ཁྲོན་ཞིང་ཆེན་གྱིས“ཞིང་པའི་མཚན་སློབ”ཀྱི་སློབ་ཚན་མཛུབ་ཁྲིད་དཀར་ཆག་བཟོས་ཏེ་སྐབས་དོན་སྲིད་ཇུས་དང་། བཅའ་ཁྲིམས་ཁྲིམས་སྲོལ། ལག་རྩལ་རྩལ་ནུས། ཡ་རབས་སྲོལ་གསར། རིག་གནས་ཚན་རིག་ཁྱབ་གདལ་བཅས་རིགས་ཆེ་གྲས་5ཡི་མཛུབ་ཁྲིད་སློབ་ཚན་117ལ་ཕྱེ་ནས་དྲིན་ཚོར་འབད་འཐབ་དང་། དཀའ་སྤྱད་ལས་གཏོད། དབུལ་སྒྲོལ་བརྩོན་ལེན་བཅས་བརྗོད་དོན་ཆེན་པོ་3གྱི་སློབ་གསོ་གཏིང་ཟབ་སྤེལ་བ་རེད། ན་ནིང་ཟླ་12པར་ཞིང་ཆེན་ཡོངས་ཀྱི“ཞིང་པའི་མཚན་སློབ”ཁྲི་4ལྷག་ཙམ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཞིང་པའི་མཚན་སློབ་ལ་བསྟན་པའི་དྲ་རྒྱའི་ཐད་གཏོང་དཔེ་སྟོན་སློབ་ཚན་དུས་གཅིག་ཏུ་བལྟས་པ་རེད།
         སི་ཁྲོན་སུའེ་ཉིང་གྲོང་ཁྱེར་ཁྲོན་ཧྲན་ཆུས་ཡོན་པའོ་གྲོང་ཚོའི་གྲོང་མི་ཞེ་ཧྲེང་དབྱིང་གིས་སྙན་ཞུ་ཉན་རྗེས་འཕྲལ་མར་ལངས་ནས“ང་ཚོས་འགན་གཙང་བླངས་པའི་ས་ཆ་དུས་ཡུན་ཐིམས་རྗེས་དངོས་ནས་ལོ་30བསྐྱར་དུ་དུས་འགྱངས་བྱ་སྲིད་དམ”ཞེས་བཤད།
         འཁྲིས་སུ་ཡོད་པའི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་དབྱིང་ཁྲུན་གྱིས་ཞེ་ཧྲེང་དབྱིང་ལ་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་འཁོད་པའི་ནང་དོན“གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་བཏང་ནས‘དབང་གསུམ’ལོགས་དབྱེའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ས་ཆ་འགན་གཙང་གི་འབྲེལ་བ་བརྟན་པོ་དང་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བྱས་ནས་རེས་སྐོར་གཉིས་པའི་ས་ཆ་འགན་གཙང་གི་དུས་ཡུན་ཐིམས་རྗེས་ལོ་30བསྐྱར་དུ་དུས་འགྱངས་བྱ་ཆོག”ཅེས་པ་མིག་ལ་བསྟན།
         “ས་ཞིང་ནི་ང་ཚོ་ཞིང་པའི་སྲོག་རྩ་རེད། ད་གཞི་ནས་སེམས་ལྷོད་ལྷོད་ངང་ཐོན་སྐྱེད་བྱས་ན་འགྲིག་སོང”སྙན་ཞུའི་ནང་དེ་ལྟར་འཁོད་པ་མཐོང་སྐབས་ཞེ་ཧྲེང་དབྱིང་དགའ་ཚོར་ཆེན་པོ་སྐྱེས།
         ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱས་པ་ཕུད། དགེ་རྒན་ཡང་ཞིང་པ་ཚོས་དང་ལེན་བྱེད་བདེ་བའི་གཞི་རིམ་གྱི་ལས་བྱེད་པ་དང་། གྲོང་སྡོད་ལས་བྱེད་པ། ཞིང་པའི་རིགས་གཅིག་མཁས་ཅན། འདེབས་འཛུགས་མཁས་ཅན། ཕྱུག་འགྱུར་འཇོན་ཐང་ཅན། སློབ་གྲྭའི་དགེ་རྒན། སྨན་དོན་མི་སྣ་སོགས་ནས་ལེགས་གྲས་བདམས་ཏེ་སློབ་ཁྲིད་དགེ་རྒན་ཁྲི་17.1ཟིན་པས་མཚན་སློབ་ཚང་མར་ཞོར་འགན་དགེ་རྒན་6ཡན་ཡོད་པའི་འགན་ལེན་བྱས་པ་རེད།
         གཞན་ཡང་ཤེས་བྱ་བསླབས་ནས་རི་གྲོང་གི་དབུལ་པོའི་མུན་པ་སེལ་ཆེད། སི་ཁྲོན་ས་གནས་ཁག་གི“ཞིང་པའི་མཚན་སློབ”ཀྱིས་གྲོང་ཚོ་སློབ་ཁང་དང་ས་ཞིང་སློབ་ཁང་དུ་བྱས་ཤིང་། མིག་སྔར་གྲོང་ཚོས་མི་ཐེངས་ཁྲི་626.2ལ་སློབ་ཁྲིད་བྱས་པ་དང་འགྲོ་སྐྱོད་སྟབས་མི་བདེ་བའི་ཞིང་པ་མང་ཚོགས་མི་ཐེངས་ཁྲི་356.8ལ་ཁྱིམ་དུ་སློབ་ཁྲིད་བྱེད་པར་བསྐྱོད་ཡོད། དཀར་མཛེས་དང་རྔ་པ་སོགས་གྲངས་ཉུང་མི་རིགས་ས་ཁུལ་དུ་ད་དུང“ཞིང་ནང་དུ་ཟུར་ཁྲིད”དང་། “གུར་གྱི་སློབ་ཁང”“རྟ་ཐོག་སློབ་ཁྲིད”བཅས་ཁྱབ་གདལ་བཏང་ནས་མང་ཚོགས་ཐག་ཉེ་སར་སློབ་སྦྱོང་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།