འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལའི་རྒྱལ་སྤྱིའི་གནམ་ཐང་གིས་དཔྱིད་གསར་དུས་ཆེན་རིང་རྒྱ་སྐད་ཀྱི་ཞབས་འདེགས་
    ཞུ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུའི་ཐེ་ལི་པུའུ་དབན་རྒྱལ་སྤྱིའི་གནམ་ཐང་དུ་ཚེས་12ཉིན་ནས་བཟུང་འགྲོ་འོང་བྱེད་མཁན་ཀྲུང་གོའི་ཡུལ་སྐོར་བར་དུས་ཡུན་གཟའ་འཁོར་གཉིས་ཙམ་རིང་རྒྱ་སྐད་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
        ནེ་པ་ལའི་རིག་གནས་ཡུལ་སྐོར་དང་དམངས་སྤྱོད་མཁའ་འགྲུལ་པུའི་པུའུ་ཀྲང་ཏེ་ཕུའུ་ཡིས་ཐེ་ལི་པུའུ་དབན་རྒྱལ་སྤྱིའི་གནམ་ཐང་གི་སླེབས་འབྱོར་ཚོམས་ཆེན་དུ་རྒྱ་སྐད་ཀྱི་ཞབས་འདེགས་ཞུ་འགོ་འཛུགས་པའི་མཛད་སྒོར་ཞུགས་ཤིང་། ཁོང་གིས་དེ་ནི་ནེ་པ་ལས་རྒྱལ་སྤྱིའི་གནམ་ཐང་དུ་ནེ་པ་ལའི་སྐད་དང་དབྱིན་སྐད་ཕུད་པའི་སྐད་རིགས་ཁག་གསུམ་པའི་ཞབས་འདེགས་ཞུ་ཐེངས་དང་པོ་དེ་ཡིན་པས་ཞབས་འདེགས་དེས་ཀྲུང་གོའི་ཡུལ་སྐོར་བ་འགྲོ་སྐྱོད་ཐད་སྟབས་བདེ་དེ་བས་བསྐྲུན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
        ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཧུང་གིས་ཤིས་ཚིག་རྗོད་སྐབས་ཀྲུང་ནེ་གཉིས་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས་ཕྱོགས་གཉིས་པོའི་སྤེལ་རེས་དང་མཉམ་ལས་ཐད་གཡུར་ཟའི་འབྲས་བུ་ཐོབ་ཡོད། ནེ་པ་ལའི་རྒྱལ་སྤྱིའི་གནམ་ཐང་དུ་རྒྱ་སྐད་ཀྱི་ཞབས་འདེགས་མང་དུ་བཏང་བ་དེས་ཕྱི་ཕྱོགས་སུ་ཆ་འཕྲིན་གལ་ཆེན་ཞིག་བརྒྱུད་བསྒྲགས་བྱས་པ་ཞིག་རེད། ཀྲུང་གོའི་ཁྲོམ་རར་ནེ་པ་ལའི་ཡུལ་སྐོར་ལས་རིགས་དགོས་གལ་ཧ་ཅང་ཆེན་པོ་ཡོད་པས་ནེ་པ་ལས་དེའི་ཐད་གྲ་སྒྲིག་ཡག་པོ་བྱས་ཟིན་ཡོད་ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔ་ཀྲུང་གོར་སློབ་སྦྱོང་བྱེད་མྱོང་བའི་ནེ་པ་ལའི་དང་བླངས་པ་15ཐེ་ལི་པུའུ་དབན་རྒྱལ་སྤྱིའི་གནམ་ཐང་དུ་རྒྱ་སྐད་ཀྱི་ཞབས་འདེགས་ཞུ་བའི་བྱེད་སྒོར་ཞུགས་རྒྱུ་ཡིན་པ་དང་། ཁོང་ཚོས་ཉིན་ལྟར་ལས་ཐེངས་གསུམ་ལ་བགོས་ཏེ་ལས་ཐེངས་རེར་ཆུ་ཚོད་བཞི་ལྔ་ཙམ་བྱ་རྒྱུ་དང་གཙོ་བོ་ས་ཁོངས་སྒྲོལ་མཁན་མི་སྣ་འདུ་འཛོམས་ཆེ་བའི་ཁུལ་དུ་ཀྲུང་གོའི་ཡུལ་སྐོར་བར་ཞབས་འདེགས་ཞུ་རྒྱུ་རེད།
         ནེ་པ་ལའི་མི་སེར་གནས་སྤོ་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན། 2017ལོར་ནེ་པ་ལས་ཕྱི་རྒྱལ་གྱི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་96ལས་བརྒལ་བ་དང་རྒྱ་གར་དང་། ཀྲུང་གོ ཨ་རི། དབྱིན་ཇི། སི་རི་ལན་ཁ་བཅས་རྒྱལ་ཁབ་5ནི་ཡུལ་སྐོར་བ་ཡོང་ཁུངས་གཙོ་བོའི་རྒྱལ་ཁབ་ལས་རྒྱ་གར་དང་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་10ལས་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།