འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུ་ནི་སིའི་ལས་ཞུགས་པུའུ་ཀྲང་གིས་ཀྲུང་གོའི་ཉམས་མྱོང་གིས་ཐུ་ནི་སིའི་གསར་གཏོད་འཕེལ་
    རྒྱས་ལ་དཔེ་ལྟ་ས་མཁོ་འདོན་བྱས་ཡོད་ཅེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཐུ་ནི་སིའི་ལས་ཞུགས་དང་ལས་རིགས་བཀོད་སྒྲིག་པུའི་པུའུ་ཀྲང་ཧྥ་ཆི·ཨ་ཕུའུ་ཏུའུ་ལེ-ལ་ཧེ་མན་གྱིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་ཐུ་ནི་སིས་ཀྲུང་གོའི་ཉམས་མྱོང་ལ་དཔེ་བལྟས་ཏེ་གཞོན་ནུའི་ལས་ཞུགས་ཀྱི་དཀའ་གནད་ཞི་ལྷོད་དུ་བཏང་ནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏང་ཆོག་ཅེས་གསུངས།
         ཨ་ཕུའུ་ཏུའུ་ལེ-ལ་ཧེ་མན་གྱིས་ཐུ་ནི་སིར་ད་ཆ་ལས་ཤོར་མི་སྣ་ཁྲི་63ཙམ་ཡོད་པ་དང་ལས་ཤོར་ཐོ་འགོད་བྱེད་ཚད་15.3%ཟིན་པའི་ཁྲོད་སློབ་གནས་མཐོ་བའི་ལས་ཤོར་མཁན་གྱིས་ལས་ཤོར་བསྡོམས་འབོར་གྱི་བཅུ་ཆ་བཞི་ཙམ་བཟུང་ཡོད། གཞན་ཡང་ཐུ་ནི་སིར་ལོ་ལྟར་ལས་ཀ་འཚོལ་མཁན་མི་ཁྲི་4.5འཕར་བཞིན་ཡོད། ལས་ཀ་འཚོལ་མཁན་དེ་དག་ལ་ལས་ཞུགས་ལས་གནས་འདང་ངེས་ཤིག་མཁོ་འདོན་ཇི་ལྟར་བྱེད་མིན་དེ་སྲིད་གཞུང་གི་སྲིད་སྐྱོང་ནུས་པར་ཚོད་བགམ་བྱས་པ་ཞིག་ཡིན་པ་མ་ཟད། ད་དུང་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད་ཅེས་གསུངས།
        ཨ་ཕུའུ་ཏུའུ་ལེ-ལ་ཧེ་མན་གྱིས་ཀྲུང་གོས་གཞོན་ནུར་ལས་གཏོད་ལ་ལྕག་སྐུལ་བྱེད་པའི་ཐད་ཉམས་མྱོང་བཟང་པོ་ལྡན་ཡོད་པས་ཐུ་ནི་སིས་སློབ་སྦྱོང་དང་དཔེ་ལྟ་དགོས་པ་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད།
         ཨ་ཕུའུ་ཏུའུ་ལེ-ལ་ཧེ་མན་གྱིས་ཀྲུང་གོས་ཨ་ཧྥེ་རི་ཁར་འཛིན་པའི་སྲིད་ཇུས་ལ་མིག་རྒྱང་རིང་པོ་ལྡན་པར་བསྔགས་བརྗོད་གནང་ཞིང་། ཁོང་གིས་ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད། ཐུ་ནི་སི་ལྟ་བུར་མཚོན་ན་རྒྱལ་ཁབ་གཉིས་པོས་གསར་གཏོད་དང་། ཚན་རྩལ། ཚོང་དོན་བཅས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པ་དང་། རྒྱལ་ཁབ་གཉིས་པོས་འཐབ་ཇུས་ལ་དམིགས་ནས། རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་དགོས་མཁོ་དང་འཚམ་པའི་འཆར་གཞི་བཟོས་པ་མ་ཟད། དོན་འཁྱོལ་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་མུ་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་གི་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།