འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལན་ཆིའུ་སྤོ་ལོ་རྩེད་མཁན་གྲགས་ཅན་མར་པུ་རའེ་ཡིས་CBAནས་ཕྱིར་འཐེན་བྱེད་རྒྱུའི་
    ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལན་ཆིའུ་སྤོ་ལོ་རྩེད་མཁན་གྲགས་ཅན་མར་པུ་རའེ་ཡིས་CBAནས་ཕྱིར་འཐེན་བྱེད་རྒྱུའི་
ཁྱབ་བསྒྲགས་བྱས་པ།
          ཟླ་2ཚེས་11ཉིན། 2017ནས་2018འགྲན་དུས་ཀྱི་ཀྲུང་གོའི་སྐྱེས་པའི་ལན་ཆིའུ་སྤོ་ལོ་ཆེད་ལས་རིམ་མཚུངས་མཉམ་འགྲན་གྱི་འཆར་ཅན་འགྲན་བསྡུར་དུ་པེ་ཅིང་ཞིང་ཚོང་དངུལ་ཁང་རུ་ཁག་དང་ཅང་སུའུ་ཁེན་ཏི་ཡཱ་རུ་ཁག་གཉིས་འཕྲད་པ་དང་། འགྲན་བསྡུར་འདི་ནི་པེ་ཅིང་ཞིང་ཚོང་དངུལ་ཁང་རུ་ཁག་གི་རུ་མི་མར་པུ་རའེ་ཡིས་CBAནས་ཕྱིར་འཐེན་བྱེད་རྒྱུའི་མཐའ་མཇུག་གི་འགྲན་བསྡུར་ཞིག་ཡིན་ཞིང་། པེ་ཅིང་ཞིང་ཚོང་དངུལ་ཁང་རུ་ཁག་གིས་འགྲན་བསྡུར་མ་བྱས་གོང་དུ་མར་པུ་རའེ་CBAནས་ཕྱིར་འཐེན་བྱེད་རྒྱུའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
          1996ལོར་NBAཡི་གསར་སྐྱེས་ལུས་རྩལ་པ་གདམ་གསེས་རེས་འཁོར་ཐོག་མའི་ཨང་བཞི་པར་སྨིར་ཝོར་ཅེ་ཤྭ་བོ་རུ་ཁག་(MilwaukeeBucks)གིས་བདམས་པ་ནས་2018ལོའི་ཟླ་2ཚེས་11ཉིན་ཆེད་ལས་ལན་ཆིའུ་སྤོ་ལོའི་ལོ་རྒྱུས་ཀྱི་མཐའ་མཇུག་གི་འགྲན་བསྡུར་ལ་ཞུགས་པའི་བར་མར་པུ་རའེ་ཡི་ལོ་ངོ་22རིང་གི་ཆེད་ལས་ལན་ཆིའུ་སྤོ་ལོའི་ལོ་རྒྱུས་དེ་CBAནས་མཇུག་བསྒྲིལ་བ་རེད།
          པེ་ཅིང་གི་པེ་ཅིང་མ་རྐང་ཚོད་འཛིན་སྐྱེས་པའི་ལན་ཆིའུ་སྤོ་ལོ་སྤྲོ་སྐྱིད་ཁང་གིས་འགྲན་བསྡུར་མ་བྱས་གོང་དང་འགྲན་བསྡུར་མཇུག་བསྒྲིལ་བར་ཁྱབ་བསྒྲགས་ཚོགས་འདུ་རེ་འཚོགས་ཏེ་CBAརུ་འགྲན་དུས་ཐེངས་དགུ་ལ་འགྲན་བསྡུར་བྱས་ཡོད་པའི་ལུས་རྩལ་པ་རྒན་པ་འདི་ལ་ཕེབས་སྐྱེལ་ཞུས་པ་རེད།
    【1】  【2】  【3】
    ༄༅།།ལན་ཆིའུ་སྤོ་ལོ་རྩེད་མཁན་གྲགས་ཅན་མར་པུ་རའེ་ཡིས་CBAནས་ཕྱིར་འཐེན་བྱེད་རྒྱུའི་
ཁྱབ་བསྒྲགས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།