འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུ་རྒྱལ་ཁབ་ཀྱི་འགྲུལ་པ་71བསྡད་ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་12ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨུ་རུ་སུ་རྒྱལ་ཁབ་ཀྱི་འགྲུལ་པ་71བསྡད་ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ཨུ་རུ་སུ་རྒྱལ་ཁབ་ཀྱི་འགྲུལ་པ་71བསྡད་ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་11ཉིན་གྱི་ཕྱི་དྲོར་མོ་སི་ཁོ་མངའ་སྡེའི་མཁའ་ནས་ལྷུངས་ཏེ་ཐོར་བ་རེད། གསར་འགོད་པས་གནས་འཕྲིན་སྤེལ་བའི་བར་དུ། མྱུར་སྐྱོབ་མི་སྣས་གནམ་གྲུ་ལྷུངས་ནས་ཐོར་ཞིག་བྱུང་ཡུལ་ནས་བེམ་རོ་གཉིས་འཚོལ་རྙེད་བྱུང་བ་མ་ཟད། གནམ་གྲུའི་སྒམ་ཆུང་ནག་པོ་ཡང་རྙེད་པ་རེད། ཨུ་རུ་སུ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་གནམ་གྲུ་ཐོག་བསྡད་པའི་མི་སྣ་ཚང་མ་སྲོག་ཉེན་ལས་ཐར་བ་ཕལ་ཆེར་མེད་ཅེས་བརྗོད་པ་རེད།
          ཨུ་རུ་སུ་རྒྱལ་ཁབ་ཀྱི་ཛ་དྲག་ཆེ་བའི་གནས་ཚུལ་འཕྲལ་གཅོད་པུའུ་ཡི་བརྡ་ཁྱབ་ལྟར་ན། ཨུ་རུ་སུ་རྒྱལ་ཁབ་སཱ་ལ་ཐུའོ་ཧྥུ་མཁའ་འགྲུལ་ཀུང་སིའི་ཡིན་པའི་ཨན་—148འགྲུལ་སྐྱེལ་གནམ་གྲུ་འདི་ནི་ཉིན་དེར་མོ་སི་ཁོ་ནས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཨོར་སི་ཁེ་རུ་འཕུར་སྐྱོད་ཀྱི་འཆར་གཞི་བཀོད་པ་དང་། འགྲུལ་སྐྱེལ་གནམ་གྲུ་འཕུར་ནས་ཅུང་མ་འགོར་བར་མོ་སོ་ཁོ་མངའ་སྡེའི་ལཱ་མེན་སི་ཁོ་ཡེ་ས་ཁུལ་དུ་ལྷུངས་ཏེ་ཐོར་བ་རེད། ཐོག་མའི་བསྡོམས་རྩིས་བྱས་པ་ལྟར་ན། གནམ་གྲུ་ཐོག་ཁྱོན་བསྡོམས་འགྲུལ་པ་65དང་གནམ་གྲུའི་ལས་སྒྲུབ་མི་སྣ་6བཅས་ཡོད་པ་རེད།
          ས་ངོས་ཀྱི་བར་སྣང་དོ་དམ་མི་སྣ་ཡིས་བཤད་པ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་འདི་ནི་ས་གནས་དེ་གའི་དུས་ཚོད་ཆུ་ཚོད་14དང་སྐར་མ་21ཐོག་ཏུའོ་མོ་ཅེ་ཏའོ་ཨོ་གནམ་གྲུ་འབབ་ཐང་ནས་འཕུར་འགོ་ཚུགས་པ་དང་། ཆུ་ཚོད་14དང་སྐར་མ་26སྐབས་གནམ་གྲུའི་འཕུར་སྐྱོད་མྱུར་ཚད་དལ་དུ་མགྱོགས་པོ་བྱུང་བ་མ་ཟད་ལའེ་ཏ་འཆར་ཤེལ་ངོས་ནས་མེད་པར་གྱུར་པ་རེད།
         ཨུ་རུ་སུའི་ཛ་དྲག་ཆེ་བའི་གནས་ཚུལ་འཕྲལ་གཅོད་པུའུ་ཡི་བརྡ་ཁྱབ་ཏུ། གནམ་གྲུ་ལྷུངས་ནས་ཐོར་བའི་དོན་རྐྱེན་བྱུང་རྗེས། ཛ་དྲག་ཆེ་བའི་གནས་ཚུལ་འཕྲལ་གཅོད་པུའུ་ཡིས་དུས་ཚོད་དང་པོར་སྨན་བཅོས་དང་མྱུར་སྐྱོབ་མི་སྣ་150ལྷག་དང་སྒྲིག་ཆས་20ལྷག་ཙམ་མངག་གཏོང་བྱས་ཏེ་གནམ་གྲུ་ལྷུངས་ནས་ཐོར་ཞིག་བྱུང་ཡུལ་དུ་མྱུར་སྐྱོབ་བྱེད་འགོ་ཚུགས་ཡོད་ཅེས་བརྗོད་པ་རེད། 
          ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུ་ཡིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ཅིང་གིས་སྲིད་གཞུང་ལ་མོ་སི་ཁོ་མངའ་སྡེའི་ཨན་—148འགྲུལ་སྐྱེལ་གནམ་གྲུ་ལྷུངས་པའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་རྒྱུའི་འགན་དཀྲིས་པ་མ་ཟད། རྐྱེན་ལམ་དུ་ཤོར་བའི་མི་རྣམས་ཀྱི་ནང་མིར་སེམས་གསོའི་འཚམས་འདྲི་ཡང་གནང་ཡོད་ཅེས་བསྟན་པ་རེད།
          གནམ་གྲུ་ལྷུངས་པའི་དོན་རྐྱེན་བྱུང་བའི་གནས་ཚུལ་ཤེས་རྗེས། ཨུ་རུ་སུ་རྒྱལ་ཁབ་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་དུས་ཚོད་དང་པོར་གནམ་གྲུའི་ཐོག་གི་འགྲུལ་པའི་གནས་ཚུལ་རྩད་གཅོད་བྱས་པ་དང་། མིག་སྔའི་གནས་ཚུལ་ལ་བལྟས་ན། གནམ་གྲུ་དེར་སྡོད་མཁན་ཀྲུང་གོའི་སྤྱི་དམངས་ཕལ་ཆེར་མེད་པ་རེད།
           འཕྲིན་སྤེལ་མི་སྣ་ཡིས་ལྷུངས་ནས་ཐོར་ཞིག་བྱུང་བའི་གནམ་གྲུ་ཡི་ལོ་ཚད་ནི་ལོ་7ཡིན་པ་དང་། སྔོན་ཆད་ཨུ་རུ་སུ་རྒྱལ་ཁབ་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཡིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་མཁའ་ལམ་མང་པོར་འཕུར་སྐྱོད་བྱེད་འགན་ཁུར་མྱོང་ཞིང་། རྗེས་མར་སཱ་ལ་ཐུའོ་ཧྥུ་མཁའ་འགྲུལ་ཀུང་སིར་སྤྲད་པ་རེད་ཅེས་བརྗོད་པ་རེད།
    ༄༅།།ཨུ་རུ་སུ་རྒྱལ་ཁབ་ཀྱི་འགྲུལ་པ་71བསྡད་ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།