མི་དམངས་དྲ་བ།

༄༅།།དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་མིག་སྔའི་རང་རྒྱལ་གྱི་དངུལ་ཁང་ལས་རིགས་
ཀྱི་འཁོར་སྐྱོད་བརྟན་པོ་ཡོད་ཅེས་བསྟན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་12ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་9ཉིན། ཀྲུང་གོ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་2017ལོའི་ལོ་མཇུག་བར་རང་རྒྱལ་གྱི་ཚོང་ལས་དངུལ་ཁང་གི་ཉེན་ཡོད་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་1.71ཟིན་པ་དང་ཉེན་ཡོད་དངུལ་བུན་ཐོན་ཚད་1.74%ཟིན་ནས་རང་རྒྱལ་གྱི་མིག་སྔའི་དངུལ་ཁང་ལས་རིགས་ཀྱི་འཁོར་སྐྱོད་བརྟན་པོ་ཡོད་ཅེས་བཤད་པ་རེད།
     གྲངས་གཞི་ལས་མངོན་པར། 2017ལོའི་ལོ་མཇུག་ཏུ་ཚོང་ལས་དངུལ་ཁང་གིས་ལྟེ་བར་བྱེད་པའི་རིམ་པ་དང་པོའི་མ་དངུལ་འདང་ཚད་10.75%ཟིན་པ་དང་། རིམ་པ་དང་པོའི་མ་དངུལ་འདང་ཚད་11.35%ཟིན་ནས་མ་དངུལ་འདང་ཚད་13.65%ཟིན་ཡོད་པ་རེད།
     ཚེས་9ཉིན་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གཟབ་ནན་གཏན་བཟོ་ཅུས་ཀྱི་ཅུས་ཀྲང་ཤའོ་ཡོན་ཆིས་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལེ་ལག་ཚང་བ་དང་གལ་ཆེའི་རང་བཞིན་གྱི་དངུལ་ཁང་གི་མ་དངུལ་འདང་ཚད་ཀྱི་ལྟ་སྐུལ་དོ་དམ་གྱི་རེ་བ་དམའ་ཤོས་ནི་11.5%ཡིན་པ་དང་དངུལ་ཁང་གཞན་དག་ནི་10.5%ཡིན་པ་རེད། མིག་སྔའི་ཚོང་ལས་དངུལ་ཁང་གི་མ་དངུལ་འདང་ཚད་ཀྱི་སྤྱི་ཡོངས་ཆུ་ཚད་དེ་ལྟ་སྐུལ་དོ་དམ་གྱི་ཚད་གཞི་དམའ་ཤོས་ཀྱི་བརྒྱ་ཆའི་གྲངས་2ནས་3བར་ལས་མཐོ་བ་ཡོད་ཅེས་བཤད།
     གྲངས་གཞི་ལས་མངོན་པར། 2017ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་ཚོང་ལས་དངུལ་ཁང་གི་དངུལ་བུན་གྱོང་གུན་གྱི་གྲ་སྒྲིག་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་3.09ཟིན་ནས་ལོ་གོང་མའི་ལོ་མཇུག་ལས་སྒོར་དུང་ཕྱུར་4268འཕར་བ་དང་། གུན་གསབ་ཁྱབ་ཚད་181.42%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་5.02འཕར་ཡོད་པ་རེད།
     རྒྱུན་འཁོར་རང་བཞིན་གྱི་དམིགས་ཚད་ཁག་བརྟན་པོར་གནས་ཤིང་། རྒྱུན་འཁོར་རང་བཞིན་གྱི་བསྡུར་གྲངས་50.03%ཟིན་ནས་མི་དམངས་ཤོག་སྒོར་གྱི་ཚད་བརྒལ་འགྲོ་སོང་ལ་གྲ་སྒྲིག་དངུལ་འབོར་གཏོང་ཚད་2.02%ཟིན་པ་དང་། བཅོལ་དངུལ་གྱི་བསྡུར་གྲངས་70.55%ཟིན་པ། རྒྱུན་འཁོར་རང་བཞིན་གྱི་ཁྱབ་ཚད་123.26%ཟིན་པ་བཅས་རེད།
      ཁོང་གིས་སྤྱི་ཡོངས་ནས་བལྟས་ན། མིག་སྔའི་དངུལ་ཁང་ལས་རིགས་ཀྱི་འཁོར་སྐྱོད་བརྟན་པ་དང་ཉེན་ཁ་ཚོད་འཛིན་ཐུབ་ཅིང་། འོན་ཀྱང་དོ་མི་མཉམ་པའི་གནད་དོན་འགའ་ཞིག་གནས་པ་དེའི་ནང་སྒྲིག་གཞི་དོ་མི་མཉམ་པ་དང་། ས་ཁུལ་དོ་མི་མཉམ་པ། ལས་སྒོའི་ཁྱབ་ཁོངས་མི་འདྲ་བའི་ཉེན་ཁའི་གནས་ཚུལ་ཁྱད་པར་ཆེན་པོ་ཡོད་པ་སོགས་ཚུད་ཡོད། གོམ་སྟབས་རྗེས་མར་སྔར་རྒྱུན་བཞིན་དངུལ་ཁང་ལས་རིགས་ཀྱི་གཉེར་སྐྱོང་དང་ཉེན་ཁའི་དོ་དམ་ཚོད་འཛིན་གྱི་ལྟ་སྐུལ་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།