འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འདི་ཉིད་ལོ་གཉིས་བསྟུད་མར་ཧིན་རྡུ་ཉི་ཞི་ཡའི་རྒྱལ་སྤྱིའི་ཡུལ་སྐོར་བའི་ཡོང་ཁུངས་
    ཆེ་ཤོས་སུ་གྱུར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧིན་རྡུ་ཉི་ཞི་ཡའི་ཀྲུང་དབྱང་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་2017ལོར་ཧིན་རྡུ་ཉི་ཞི་ཡར་ཡུལ་སྐོར་བྱེད་མཁན་ཀྲུང་གོའི་ནང་སའི་ཡུལ་སྐོར་བ་མི་ཐེངས་ཁྲི་205.9ཟིན་ནས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་སྤྱིའི་ཡུལ་སྐོར་བའི་བསྡོམས་འབོར་གྱི་14.95%བཟུང་ཡོད། ཀྲུང་གོ་འདི་ཉིད་ལོ་གཉིས་བསྟུད་མར་ཧིན་རྡུ་ཉི་ཞི་ཡའི་རྒྱལ་སྤྱིའི་ཡུལ་སྐོར་བའི་ཡོང་ཁུངས་ཆེ་ཤོས་སུ་གྱུར་པ་རེད།
         གྲངས་གཞི་ལས་མངོན་པར་པཱ་ལི་གླིང་ཕྲན་འདི་ཉིད་སྔར་བཞིན་ཀྲུང་གོའི་ནང་སའི་ཡུལ་སྐོར་བས་དགའ་ཤོས་བྱེད་པའི་ཧིན་རྡུ་ཉི་ཞི་ཡའི་ཡུལ་སྐོར་དམིགས་ས་ཡིན་ཞིང་། 2017ལོར་པཱ་ལི་གླིང་ཕྲན་ནས་ཧིན་རྡུ་ཉི་ཞི་ཡའི་ས་ཁོངས་ནང་བསྐྱོད་པའི་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་135.5ཟིན་པ་དེས་ཧིན་རྡུ་ཉི་ཞི་ཡར་བསྐྱོད་པའི་ཡུལ་སྐོར་བའི་བསྡོམས་འབོར་གྱི་65.81%བཟུང་ཡོད། ཀྲུང་གོ་འདི་ཉིད་པཱ་ལི་གླིང་ཕྲན་གྱི་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་ཡོང་ཁུངས་ཆེ་ཤོས་སུ་གྱུར་བ་རེད།
         ཧིན་རྡུ་ཉི་ཞི་ཡའི་ཡུལ་སྐོར་པུས་2018ལོ་དང་2019ལོར་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་350དང་ཁྲི་500སོ་སོ་ཟིན་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།