འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་བོད་ལྗོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་ཆ་འཕྲིན་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྤྱི་ཁྱབ་པུའི་ཕྱོགས་བསྡུས་འགྲིམ་འགྲུལ་དང་། རིག་ལྡན་འགྲིམ་འགྲུལ། དུས་བདེའི་འགྲིམ་འགྲུལ། ལྗང་མདོག་འགྲིམ་འགྲུལ་བཅས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བས་སྐྱེལ་འདྲེན་ཞབས་ཞུ་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད། 2017ལོར་བོད་ལྗོངས་ཀྱིས་ལོ་ཧྲིལ་པོར་གཞུང་ལམ་ཐོག་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་999ཟིན་པ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2150ཟིན་པ་བཅས་བྱུང་ནས་གཞུང་ལམ་གྱི་སྐྱེལ་འདྲེན་ཞབས་ཞུའི་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ་རེད།
          འདས་ཟིན་པའི་ལོ་ལྔའི་ནང་བོད་དུ་ཁྱོན་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་317ནང་འདྲེན་བྱས་པ་དང་། མཉམ་སྤྱོད་རྐང་འཁོར་6000བཀོད་སྒྲིག་བྱས་པ། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་བོགས་གཏོང་རླངས་འཁོར་ལ“སྣུམ་སྤྱོད་པ་ནས་སོལ་རླངས་(གློག)”སྤྱོད་པའི་བར་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་བརྟན་པོ་བཏང་ཡོད། ལྷ་ས་གྲོང་ཁྱེར་གྱིས་ནུས་རྒྱུ་གསར་པའི་སྣུམ་གློག་མཉམ་བསྲེས་སྒུལ་ཤུགས་ཀྱི་བོགས་གཏོང་རླངས་འཁོར་192བཀོད་སྒྲིག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།