འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་《ལྷོ་སྣེར་བྱེད་སྒོ་སྤེལ་སྐབས་ཀྱི་ཁོར་ཡུག་སྲུང་སྐྱོང་དོ་དམ་གཏན་འབེབས་》
    ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་9ཉིན་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་《ལྷོ་སྣེར་བྱེད་སྒོ་སྤེལ་སྐབས་ཀྱི་ཁོར་ཡུག་སྲུང་སྐྱོང་དོ་དམ་གཏན་འབེབས་》(གཤམ་དུ་《གཏན་འབེབས་》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཏེ་ཁོར་ཡུག་དང་སྣོད་བཅུད་སྲུང་སྐྱོང་རྨང་གཞིར་བྱེད་པའི་ལྷོ་སྣེར་བྱེད་སྒོ་སྤེལ་སྐབས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་། རང་རྒྱལ་གྱིས་གླིང་སྣེའི་ལས་དོན་ནང་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག རང་རྒྱལ་གྱི་ལྷོ་སྣེའི་ཡུལ་སྐོར་སོགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་ཁྲིད་སྟོན་བྱེད་ཐུབ་ལ་ལྷོ་སྣེའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡང་བྱེད་ཐུབ་པས། མི་རྣམས་ཀྱི་ལྷོ་སྣེར་སྐྱོད་པའི་རེ་འདོད་སྐོང་རྒྱུར་ཕན་ཐོགས་ཡོད།
         《གཏན་འབེབས་》ནང་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་རྟོག་ཞིབ་དང་། ཡུལ་སྐོར། མྱུལ་དཔྱད། ཉ་ལས། འགྲིམ་འགྲུལ་སོགས་ལྷོ་སྣེའི་བྱེད་སྒོ་སྤེལ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོང་དོ་དམ་ལས་དོན་ལ་འགན་འཁུར་དགོས་པ་ཁ་གསལ་བཏོན་པ་དང་། ལྷོ་སྣེའི་ཁོར་ཡུག་དང་སྣོད་བཅུད་ལ་དམིགས་བསལ་ཤུགས་རྐྱེན་ཐེབས་པའི་རྟོག་ཞིབ་བྱེད་སྒོ་ཁ་ཤས་ལ་ཆོག་མཆན་སྒྲུབ་དགོས་པ་དང་ལྷོ་སྣེར་བྱེད་སྒོ་སྤེལ་སྐབས་ཁོར་ཡུག་གི་ཤུགས་རྐྱེན་དཔྱད་དཔོག་ཡིག་ཆ་བཟོ་བ་དང་ཆབས་ཅིག་རྒྱལ་ཁབ་རྒྱ་མཚོ་ཅུས་ལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་པ། དེ་དང་དུས་མཚུངས་ལྷོ་སྣེའི་བྱེད་སྒོ་སྒྲིག་འཛུགས་མཁན་དང་བྱེད་སྒོའི་ནང་ཞུགས་མཁན་གྱི་སྒྲིག་འགལ་བྱེད་སྤྱོད་ལ་ལྟོས་བཅས་ཀྱི་འབྲེལ་ཡོད་འགན་འཁྲི་གཏན་འབེབས་བྱ་རྒྱུ་དང་ལྷོ་སྣེའི་རྟོག་ཞིབ་བྱེད་སྒོའི་ཡིད་རྟོན་ཉམས་ཞིབ་མ་ལག་འཛུགས་རྒྱུ། ལྷོ་སྣེའི་རང་བྱུང་དང་སྣོད་བཅུད་ཁོར་ཡུག་གི་ཐེག་ནུས་གཞིར་བཟུང་ལྷོ་སྣེའི་བྱེད་སྒོའི་བསྡོམས་འབོར་ཚོད་འཛིན་ལམ་ལུགས་འཛུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།