འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ས་གཤིས་གཏེར་རྫས་ལས་རིགས་ཀྱི་ཚད་གཞི་ཡོངས་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཁང་གིས་རྩོམ་སྒྲིག་བྱས་པའི་ས་གཤིས་གཏེར་རྫས་ལས་རིགས་ཀྱི་ཚད་གཞི་《ས་གཤིས་ཁོར་ཡུག་བརྟག་ཞིབ་ཚད་ལེན་མཚོན་རྟགས་》ཞེས་པ་དེ་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡིས་ཞིབ་མཆན་སྤྲད་པ་བཞིན་ཡོངས་བསྒྲགས་བྱ་རྒྱུ་དང་སྦྲགས་2018ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། མིག་སྔར་ཚད་གཞི་དེའི་འབྲེལ་ཡོད་གཏན་འབེབས་ཁག་རྒྱལ་ཁབ་ས་འོག་ཆུའི་ལྟ་ཞིབ་ཚད་ལེན་ལས་གྲྭའི་ལྟ་ཞིབ་ཚད་ལེན་ཁྲོན་པ་སྲུང་སྐྱོང་སྒྲིག་ཆས་སྒྲིག་སྦྱོར་དང་ཞུང་ཨན་ཁུལ་གསར་གྱི་ས་ངོས་རྡིབ་པ་དང་དེ་བཞིན་ས་ངོས་གས་པར་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ཀྱི་ལས་དོན་ཁྲོད་སྤྱད་ཡོད་པས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད།
         ས་གཤིས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་མཚོན་རྟགས་ཚད་ལྡན་ངང་སྤྱོད་པ་དང་ནུས་ལྡན་གྱི་སྒོ་ནས་སྲུང་སྐྱོང་བྱ་ཆེད། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་ས་གཤིས་ཁོར་ཡུག་སིའི་འགོ་ཁྲིད་འོག་《ས་གཤིས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དོ་དམ་བྱ་ཐབས་》ནང་བཏོན་པའི“རྒྱལ་ཁབ་ཀྱི་ས་གཤིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་སྲུང་སྐྱོང”དང“ས་གཤིས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་བླང་བྱ་ལྟར་མཚོན་རྟགས་གཅིག་གྱུར་དགོས་པའི”བླང་བྱར་གཞིགས་ཏེ། ཁོར་ཡུག་ལྟ་ཞིབ་ཚད་ལེན་ཁང་གིས་རྒྱལ་ཁབ་ཕྱི་ནང་ལ་ད་ལྟ་ཡོད་བཞིན་པའི་ཚད་ལྡན་ཚད་གཞི་དཔྱད་གཞིར་གང་ལེགས་འཛིན་ཏེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་དང་། འགག་གསུམ་ཆུ་མཛོད་ཁུལ། ཧྲང་ཧའེ་གྲོང་ཁྱེར་སོགས་ས་ཁུལ་གྱི་ས་གཤིས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་མཚོན་རྟགས་སྒྲིག་སྦྱོར་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ལས་རིགས་གཅིག་པའི་རིགས་གཅིག་མཁས་ཅན་གྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་རྗེས་《ས་གཤིས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་མཚོན་རྟགས་》རྩོམ་སྒྲིག་ལེགས་གྲུབ་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།