འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཉེ་བའི་ལོ་ལྔའི་ནང་རང་རྒྱལ་དུ་ཁེ་ལས་གསར་པ་ཁྲི་2161ལྷག་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ཉེ་བའི་ལོ་ལྔའི་ནང་རང་རྒྱལ་དུ་ཁྲོམ་རའི་བྱེད་པོ་གསར་པ་ཁྲི་7292.9དང་ཁེ་ལས་གསར་པ་ཁྲི་2160.9བཙུགས་ཡོད། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་། ཀུན་གྱིས་གསར་གཏོད་བྱེད་པའི་ཚ་རླབས་འཕྱུར་བ་ལས་ལས་ཞུགས་དང་གསར་གཏོད་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་སྲིད་ཇུས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ཐུབ་པ་དང་བསྟུན་ནས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ་དང་། འགོག་རྐྱེན་རྒྱུན་ཆད་མེད་པར་སེལ་བ། ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་རྒྱས་པ། སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་གཅིག་ཏུ་བསྡུ་ཐུབ་པ་བཅས་བྱུང་ཡོད། འཕེལ་རྒྱས་བརྟན་པོ་ཡོང་བ་དང་། གྲུབ་ཆ་ལེགས་སྒྲིག ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་ཐད་ཀྱི་གསར་གཏོད་ལས་གཏོད་ཀྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་། ཀུན་གྱིས་གསར་གཏོད་བྱེད་པའི་འཕེལ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།
        མིག་སྔར། རང་རྒྱལ་དུ“ཀུན་གཏོད་བར་མཐོངས”4200ལས་བརྒལ་ཡོད་པ་དང་། ཞབས་ཞུའི་ཁེ་ལས་ཀྱི་གྲངས་འབོར་ཁྲི་12ལས་བརྒལ་ཡོད་པ། མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར་55ལས་བརྒལ་ཡོད། “གཉིས་འཇོག”གཞི་ཁྱོན་རིམ་བཞིན་སྟོབས་ཆེར་སོང་ནས་རྒྱལ་ཁབ་ཀྱི་གསར་དར་ཐོན་ལས་ཀྱི་ལས་གཏོད་མ་འཇོག་ཁྲིད་སྟོན་ཐེབས་རྩའི་བསྡོམས་འབོར་སྒོར་དུང་ཕྱུར་760ལས་བརྒལ་ཡོད། གསར་གཏོད་ལས་གཏོད་བྱེད་པོ་དང་ལྷག་པར་དུ་སྣེ་འདྲེན་ཁེ་ལས་དང་། མཐོ་སློབ་སློབ་གླིང་། ལས་གཏོད་མ་འཇོག་སྒྲིག་གཞི་དང་རྒྱ་ཆེའི་མངོན་འགྱུར་ཚོགས་པ་བཅས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་ཡོད།
         2017ལོར་རང་རྒྱལ་དུ་དངོས་ཟོག་དྲ་ཐོག་ཏུ་སིལ་ཚོང་བྱེད་ཚད་28%འཕར་བ་དང་དངོས་ཟོག་མིན་པ་དྲ་ཐོག་ཏུ་སིལ་ཚོང་བྱེད་ཚད་དེ་བས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་མྱུར་སྐྱེལ་ལས་འབོར་འཕར་ཚད་30%ནང་ཚུན་དུ་རྒྱུན་འཁྱོངས་བྱས་ཡོད། རྣམ་པ་གསར་པའི་ཐད་ལོངས་སྤྱོད་དཔལ་འབྱོར་དང་། མཉམ་སྤྱོད་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར། ལས་སྟེགས་དཔལ་འབྱོར་བཅས་གང་ཡིན་རུང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།