འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རང་རྒྱལ་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་
    འབོར་བརྒྱ་ཆ་བརྒྱད་ཅུ་ལས་བརྒལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འགག་སྒོ་སྤྱི་ཁྱབ་ཧྲུའི་ཧྲུའུ་ཀྲང་ཡུས་ཀོང་ཀྲོའུ་ཡིས་ཚེས་9ཉིན་འཚོགས་པའི་སྐབས་དང་པོའི་རྒྱལ་མཚམས་སྒྲོལ་བའི་འཛམ་གླིང་འགག་སྒོའི་དྲ་ཐོག་ཚོང་དོན་ཚོགས་ཆེན་ཐོག་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཉིད་གསར་དར་གྱི་ལས་རྣམ་ཞིག་ཡིན་པས་རང་རྒྱལ་དུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། 2017ལོར་རྒྱལ་མཚམས་སྒྲོལ་བའི་འགག་སྒོའི་དྲ་ཐོག་ཚོང་དོན་དོ་དམ་ལས་སྟེགས་བརྒྱུད་སིལ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་902.4ཟིན་པ་དེ་དུས་མཚུངས་ལས་80.6འཕར་ཡོད་ཅེས་བཤད་པ་རེད།
         ཡུས་ཀོང་ཀྲོའུ་ཡིས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ནི་དུས་རབས་ཀྱི་ཐོན་དངོས་ཤིག་ཡིན་ལ། རྒྱ་ཆེའི་འཛད་སྤྱོད་པ་དང་ཁེ་ལས་ཀྱི་གདམ་གའང་ཡིན། དེས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་པ་དང་། ཕྱི་ཕྱོགས་ཚོང་དོན་གསར་པ་འཕར་རྒྱུར་སྐུལ་འདེད་གཏོང་བ། འཛད་སྤྱོད་ཀྱི་འཕེལ་ཕྱོགས་གསར་པར་སྣེ་ཁྲིད་བྱེད་པ། ལས་གནས་གསར་པ་གཏོད་པ་བཅས་བྱས་ཡོད། ཀྲུང་གོའི་འགག་སྒོ་ལས་ཁུངས་ཀྱིས་འཕེལ་རྒྱས་ཀྱི་མིག་རྒྱང་ནས་སྲིད་ཇུས་ཐད་རྒྱབ་སྐྱོར་དང་། དོ་དམ་ཐད་གཟབ་ནན། བྱེད་ཐབས་ཐད་མཐུན་ཐབས་བཅས་བྱས་ནས་ལས་རིགས་གསར་པ་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་ཧུར་ཐག་གཏོད་རྒྱུ་རྒྱུན་འཁྱོངས་བྱས་ཡོད་ཅེས་བཤད།
         འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཉེ་བའི་ལོ་གསུམ་རིང་རང་རྒྱལ་གྱི་རྒྱལ་མཚམས་སྒྲོལ་བའི་འགག་སྒོ་དྲ་ཐོག་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་ལོར་ཆ་སྙོམས་50%ཡན་འཕར་བ་དང་དེའི་ནང་2017ལོར་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་ཟོག་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་336.5ཟིན་ནས་41.3%འཕར་བ་དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་565.9ཟིན་ནས་116.4%འཕར་ཡོད། ཀྲུང་གོའི་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རྩིས་ཐོ་བདག་གཉེར་བྱེད་ཚད་སྒོར་དུང་ཕྱུར་6.6ཟིན་པ་དེ་ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་སྒོ་ཁྲལ་གནས་ཞུའི་འཛིན་ཡིག་གི་ལྡབ་8.4རེད།
      

    ཕྱོགས་བསྡུས་གསར་འགྱུར།