འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མངའ་ཁོངས་ཕྱི་ནས་མཆེད་པའི་ཆམ་རིམས་མང་དུ་འགྲོ་བཞིན་ཡོད་པས་སྤུས་བཤེར་སྤྱི་ཁྱབ་
    ཅུས་ཀྱིས་ཆམ་རིམས་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་9ཉིན་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཁྱབ་བཏང་ནས་2017ལོའི་ཟླ་12ནས་2018ལོའི་ཟླ་1པོའི་བར། འགག་སྒོའི་ནད་ཡམས་ཞིབ་བཤེར་ཞིབ་དཔྱད་སྒྲིག་གཞིས་མངའ་ཁོངས་ཕྱི་ནས་ཡོང་མཁན་ལས་ཆམ་རིམས་ཕོག་པ་6941ཡོད་པ་གཏན་འཁེལ་བྱས་པ་དེ་དུས་མཚུངས་ལས་81.9%འཕར་ཡོད། སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་དགུན་གསེང་དང་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་འགྲུལ་པ་མང་པོ་ཞིག་རྒྱལ་མཚམས་ལས་བསྒྲལ་ནས་ཡུལ་སྐོར་དང་གཉེན་འཕྲད་ལ་འགྲོ་གི་ཡོད་པས་འགྲུལ་པས་ཆམ་རིམས་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།
         བརྡ་ཁྱབ་བཏང་བ་གཞིར་བཟུང་། ཉེ་དུས་རྒྱལ་ཡོངས་ཀྱི་འགག་སྒོ་ཁག་ནས་ཤེས་རྟོགས་ཐུབ་པར་ཆམ་རིམས་ཕོག་པ་མང་དུ་ཕྱིན་ཡོད། ཉེ་དུས་སའི་གོ་ལའི་ཕྱེད་བྱང་མའི་དྲོད་ཁུལ་ས་ཁུལ་དུ་ཆམ་རིམས་མུ་མཐུད་མཆེད་ནས་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གི་མིར་ཆམ་རིམས་ཕོག་སྟེ་ནད་པ་ཤི་ཚད་ཀྱང་མང་དུ་ཕྱིན་པས། འགག་སྒོ་ནས་ཆམ་རིམས་མཆེད་པའི་ཉེན་ཁར་ལྷོད་གཡེང་གཏན་ནས་བྱེད་མི་རུང་།
         སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱི་ལས་དོན་མི་སྣས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཨ་རི་དང་ཡོ་རོབ་ནད་ཡམས་ཚོད་འཛིན་ལྟེ་གནས་སོགས་གཞུང་ཕྱོགས་དྲ་བའི་སྙན་ཞུའི་ནང་། ཨ་རི་དང་། ཁ་ན་ཏ། དབྱིན་ཇི། དབྱི་ཐ་ལི། ཡོ་རོབ། ཨ་ཧྥེ་རི་ཁ་བྱང་མ། རི་པིན། ཧན་གོ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་ཆམ་རིམས་ཐོན་མང་བ་དང་། འདི་ལོ་ཨ་རིའི་ཆམ་རིམས་ཀྲོའུ་ཁག་ཏུ་མཆེད་ནས་མི་ཁྲི་1.4སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་མི་མང་པོ་ཞིག་འཆི་བ་འཁོད་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།