འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོར་རང་རྒྱལ་གྱི་རླངས་འཁོར་ཐོན་ཚོང་བསྡོམས་འབོར་དུས་མཚུངས་ལས་འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་9ཉིན་གསར་འགོད་པར་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། 2018ལོའི་ཟླ་1པོར་རང་རྒྱལ་གྱི་རླངས་འཁོར་ཐོན་ཚོང་བསྡོམས་འབོར་ཁྲི་268.83དང་ཁྲི་280.92སོ་སོར་ཟིན་ཏེ་དུས་མཚུངས་ལས་13.61%དང་11.59%འཕར་ནས་ན་ནིང་གི་དུས་མཚུངས་ལས་ཐོན་ཚོང་བསྡོམས་འབོར་འཕར་མྱུར་བ་མངོན་ཡོད།
         ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་དྲུང་ཆེའི་ལས་རོགས་ཁྲེན་ཧྲེ་ཧྭ་ཡིས་ཟླ་1པོར་རང་རྒྱལ་གྱི་རླངས་འཁོར་ཐོན་ཚོང་བསྡུར་གྲངས་ཟླ་གོང་མ་ལས་ཅུང་ཟད་ཆག་པ་ལས་་ཚོང་སྤྱོད་རླངས་འཁོར་གྱི་བསྡུར་གྲངས་ཆག་ཚད་ཅུང་མངོན་གསལ་དོད་པོ་ཡོད་པ་དང་དུས་མཚུངས་ཀྱི་གཞི་གྲངས་ཅུང་དམའ་བའི་ཤུགས་རྐྱེན་ཐེབས་པའི་རྐྱེན་པས་ཐོན་ཚོང་བསྡོམས་འབོར་དུས་མཚུངས་ལས་སྤྱིར་ན་ཅུང་འཕར་མགྱོགས་ཙམ་བྱུང་ཡོད། རླངས་འཁོར་ཐོན་ཚོང་གི་སྤྱི་འབོར་ལས་འགྲུལ་སྐྱེལ་རླངས་འཁོར་ཁྲི་233.06ཐོན་སྐྱེད་བྱས་པ་དེ་ཟླ་གོང་མ་ལས་10.69%ཆག་པ་དང་དུས་མཚུངས་ལས་12.50%འཕར་བ། འགྲུལ་སྐྱེལ་རླངས་འཁོར་ཁྲི་245.62བཙོངས་པ་དེ་ཟླ་གོང་མ་ལས་7.43%ཆག་པ་དང་དུས་མཚུངས་ལས་10.73%འཕར་ཡོད། ཚོང་སྤྱོད་རླངས་འཁོར་ཁྲི་35.77ཐོན་སྐྱེད་བྱས་པ་དེ་ཟླ་གོང་མ་ལས་17.15%ཆག་པ་དང་དུས་མཚུངས་ལས་21.40%འཕར་བ། ཚོང་སྤྱོད་རླངས་འཁོར་ཁྲི་35.31བཙོངས་པ་དེ་ཟླ་གོང་མའི་དུས་མཚུངས་ལས་13.26%ཆག་པ་དང་དུས་མཚུངས་ལས་18.02%འཕར་ཡོད་པ་རེད།
         ཟླ་1པོར་རླངས་འཁོར་ཕྱིར་ཚོང་བྱེད་ཚད་བང་རིམ་གྱི་མདུན་གྲལ་བཅུའི་ཁེ་ལས་ནི་ཧྲང་ཧའེ་རླངས་འཁོར་དང་། རླངས་འཁོར་བཟོ་གྲྭ་དང་པོ། ཤར་ཕྱོགས་རླངས་འཁོར། ཁྲང་ཨན། ཀོང་ཀྲོའུ་རླངས་འཁོར། པེ་ཅིང་རླངས་འཁོར། ཅི་ལི། ཁྲང་ཁྲེང་། ཧྭ་ཁྲེན། ཆི་རུའེ་བཅས་ཡིན་པ་རེད། ཟླ་གོང་མ་དང་བསྡུར་ན་རླངས་འཁོར་བཟོ་གྲྭ་དང་པོ་དང་ཀོང་ཀྲོའུ་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཅུང་འཕར་མགྱོགས་པ་དང་། ཁེ་ལས་གཞན་དག་ཚད་གཞི་མི་འདྲ་བའི་སྒོ་ནས་ཆག་ཡོད། ལོ་གོང་མའི་དུས་མཚུངས་དང་བསྡུར་ན་ཁྲང་ཨན་ཕྱིར་ཚོང་བྱེད་ཚད་མངོན་གསལ་དོད་པོས་ཆག་པ་དང་། པེ་ཅིང་རླངས་འཁོར་དང་ཆི་རུའེ་རླངས་འཁོར་ཆག་ཚད་ཅུང་ཉུང་བ། ཁེ་ལས་གཞན་བདུན་པོ་དེ་དག་སྤྱིར་ན་འཕར་བ་དང་ཅི་ལི་འཕར་ཚད་ཅུང་མགྱོགས་པ་ཡོད་པ་རེད།
         གཞན་ཡང་ཟླ་1པོར་ཀྲུང་གོའི་སྤུས་རྟགས་རླངས་འཁོར་ཕྱིར་ཚོང་བྱེད་ཚད་བང་རིམ་གྱི་མདུན་གྲལ་བཅུའི་ཁེ་ལས་ནི་ཧྲང་ཧའེ་རླངས་འཁོར་དང་། ཅི་ལི་རླངས་འཁོར། ཁྲང་ཨན་རླངས་འཁོར། ཤར་ཕྱོགས་རླངས་འཁོར། ཁྲང་ཁྲེན་རླངས་འཁོར། པེ་ཅིང་རླངས་འཁོར། རླངས་འཁོར་བཟོ་གྲྭ་དང་པོ། ཀོང་ཀྲོའུ་རླངས་འཁོར། ཅང་ཧོའེ་རླངས་འཁོར། ཆི་རུའེ་རླངས་འཁོར་བཅས་ཡིན་པ་ལས་ཁྲང་ཨན་དང་། ཆི་རུའེ། ཅང་ཧོའེ་བཅས་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་ཆག་མགྱོགས་པ་དང་། པེ་ཅིང་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཅུང་ཟད་ཆག་པ། ཁེ་ལས་གཞན་དྲུག་པོ་དེ་དག་ཚད་གཞི་མི་འདྲ་བའི་སྒོ་ནས་དུས་མཚུངས་ལས་འཕར་བ་དང་ལྷག་པར་དུ་ཅི་ལི་རླངས་འཁོར་དང་ཀོང་ཀྲོའུ་རླངས་འཁོར་འཕར་ཚད་མངོན་གསལ་དོད་པོ་ཡོད་པ་རེད། ཟླ་1པོར་ཁེ་ལས་བཅུ་པོ་དེ་དག་གིས་བསྡོམས་རླངས་འཁོར་ཁྲི་116.77བཙོངས་པ་དེས་ཀྲུང་གོའི་སྤུས་རྟགས་རླངས་འཁོར་ཕྱིར་ཚོང་བསྡོམས་འབོར་གྱི་83.17%བཟུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།