འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཁའ་དམག་སུའུ-35དམག་འཐབ་གནམ་གྲུ་ལྷོ་རྒྱ་མཚོར་དམག་འཐབ་སྐོར་ཞིབ་
    ལས་འགན་ལ་ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན་ཀྲུང་གོ་མཁའ་དམག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་མཁའ་དམག་སུའུ-35དམག་འཐབ་གནམ་གྲུ་ལྷོ་རྒྱ་མཚོར་འཕུར་ནས་མཉམ་འབྲེལ་དམག་འཐབ་སྐོར་ཞིབ་ལས་འགན་ལ་ཞུགས་རྒྱུ་རེད། དེ་ནི་མཁའ་དམག་གིས་དུས་རབས་གསར་པར་ལས་འགན་ལེགས་སྒྲུབ་དང་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་བྱེད་པའི་དངོས་སྒྲུབ་བྱ་སྤྱོད་ཅིག་རེད།
         སུའུ-35ནི་སྤྱོད་གོ་ཆེ་བའི་དམག་འཐབ་གནམ་གྲུ་ཞིག་ཡིན་པ་དང་དེར་མཁའ་དབྱིངས་དམག་འཐབ་དང་། ས་ཐོག་དང་མཚོ་ངོས་ཀྱི་དམིགས་འབེན་ལ་གནད་འཁེལ་ངང་རྡུང་རྡེག་གཏོང་བའི་ནུས་པ་ལྡན་ཡོད། སུའུ-35དམག་འཐབ་གནམ་གྲུས་དངོས་འཐབ་དམག་དོན་སྦྱོང་བརྡར་བྱས་པས་མཁའ་དམག་གི་རྒྱང་རིང་མཚོ་ཐོག་གི་དམག་འཐབ་ནུས་པ་ཆེ་རུ་གཏོང་བར་ཕན་ཐོགས་ཡོད།
         ཀྲུང་གོའི་མཁའ་དམག་གི་ལས་དོན་མི་སྣས་ཚན་རྩལ་ལ་བརྟེན་ནས་སྦྱོང་བརྡར་ཤུགས་ཆེན་དང་། ཁྲིམས་ལྟར་སྦྱོང་བརྡར་ལ་བཅོས་སྒྲིག རྩ་གནད་ལྟར་སྦྱོང་བརྡར་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་དུས་རབས་གསར་པར་དམག་ལ་རྒྱལ་ཁ་ལེན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།