འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རབས་གསར་པའི་མངོན་མེད་དམག་འཐབ་གནམ་གྲུ་འཇོམས་-20མཁའ་དམག་དམག་འཐབ་
    དཔུང་སྡེའི་དམག་དཔུང་གི་གོ་མཚོན་ནང་བཅུག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རབས་གསར་པའི་མངོན་མེད་དམག་འཐབ་གནམ་གྲུ་འཇོམས་-20མཁའ་དམག་དམག་འཐབ་
དཔུང་སྡེའི་དམག་དཔུང་གི་གོ་མཚོན་ནང་བཅུག་པ།
           མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་9ཉིན་ཀྲུང་གོ་མཁའ་དམག་གི་གསར་འགྱུར་མགྲིན་པ་ཏཱ་ཤའོ་དམག་དཔོན་ཧྲེན་ཅིན་ཁོའོ་ཡིས་གནས་ཚུལ་ཡོངས་བསྒྲགས་བྱས་པར་གཞིགས་ན། ཀྲུང་གོས་རང་བརྟེན་ཞིབ་བཟོ་བྱས་པའི་རབས་གསར་པའི་མངོན་མེད་དམག་འཐབ་གནམ་གྲུ་འཇོམས-20མཁའ་དམག་དམག་འཐབ་དཔུང་སྡེའི་དམག་དཔུང་གི་གོ་མཚོན་ནང་བཅུག་དེ་དམག་འཐབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་རྒྱུར་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད།
          ཧྲེན་ཅིན་ཁོའོ་ཡིས་འཇོམས-20ཡི་དམག་འཐབ་གནམ་གྲུ་མཁའ་དམག་དམག་འཐབ་དཔུང་སྡེའི་དམག་དཔུང་གི་གོ་མཚོན་ནང་བཅུག་པས་མཁའ་དམག་གི་ཕྱོགས་བསྡུས་དམག་འཐབ་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་མཁའ་དམག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཀྱི་ས་ཆ་ཆ་ཚང་བཅས་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་སྔར་ལས་ལེགས་པའི་ངང་ཕྲག་ཐོག་ཏུ་འཁུར་རྒྱུར་རོགས་རམ་ཐུབ་རྒྱུ་རེད་ཅེས་བཤད།
    ༄༅།།རབས་གསར་པའི་མངོན་མེད་དམག་འཐབ་གནམ་གྲུ་འཇོམས་-20མཁའ་དམག་དམག་འཐབ་
དཔུང་སྡེའི་དམག་དཔུང་གི་གོ་མཚོན་ནང་བཅུག་པ།
      

    ཕྱོགས་བསྡུས་གསར་འགྱུར།