འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་ཝན་ཧྭ་ལེན་དུ་ས་ཡོམ་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་མི་10ལ་འཕར་བ་དང་མི་273ལ་
    རྨས་སྐྱོན་ཕོག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་09ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐའེ་ཝན་ཧྭ་ལེན་དུ་ས་ཡོམ་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་མི་10ལ་འཕར་བ་དང་མི་273ལ་
རྨས་སྐྱོན་ཕོག་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན་གྱི་ཆུ་ཚོད་22:00བར་དུ། ཐའེ་ཝན་ཧྭ་ལེན་དུ་ས་ཡོམ་རིམ་པ་6.5བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་10ལ་འཕར་བ་དང་། མི་273ལ་རྨས་སྐྱོན་ཕོག་ཅིང་། མི་7ལ་འབྲེལ་བ་ཆད་པ་རེད། དེ་དག་གི་ཁྲོད་སྐམ་ས་ཆེན་པོའི་ཡུལ་སྐོར་བ་4ཐའེ་ཝན་ཧྭ་ལེན་དུ་ས་ཡོམ་བྱུང་བའི་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། ཞིག་ལོག་བྱུང་བའི་ཡུན་མོན་ཚུའེ་ཏི་ཐོག་ཁང་ཆེན་པོའི་་ནང་ད་དུང་སྐམ་ས་ཆེན་པོའི་ཡུལ་སྐོར་བ་5འགགས་ཏེ་ཉེན་ཁར་གནས་ཡོད་པ་རེད།
           ཐའེ་ཝན་ཧྭ་ལེན་དུ་ས་ཡོམ་དྲག་པོ་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་དང་མཚོ་འགག་ངོགས་གཉིས་འབྲེལ་བའི་མཐུན་ཚོགས་གཉིས་ཀྱིས་སྐམ་ས་ཆེན་པོའི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཧྭ་ལེན་ཕྱོགས་དང་འབྲེལ་བ་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ་གེགས་ཁུལ་གྱི་གནོད་འཚེ་བྱུང་ཚུལ་རྗེས་འདེད་བྱེད་པ་དང་། རོགས་སྐྱོར་དང་འཚམས་འདྲི་བྱེད་སེམས་བསྟན་ནས་¬ག་དུས་ཡིན་ནའང་ཐའེ་ཝན་དུ་བསྐྱོད་དེ་རོགས་སྐྱོབ་དང་རོགས་སྐྱོར་གྱི་སྒྲིག་ཆས་འདོན་སྤྲོད་བྱེད་རྒྱུའི་གྲ་སྒྲིག་བྱས་པ་རེད། དེ་དང་དུས་མཚུངས་སུ་གེགས་ཁུལ་གྱི་སྐམ་ས་ཆེན་པོའི་ཡུལ་སྐོར་བའི་བདེ་འཇགས་ལ་དོ་ཁུར་ཆེན་པོ་བྱས་ཏེ་འབྲེལ་ཡོད་ཕྱོགས་ཀྱིས་རྐྱེན་ལམ་དུ་ཤོར་བའི་སྐམ་ས་ཆེན་པོའི་ཡུལ་སྐོར་བའི་ནང་མི་ཐའེ་ཝན་དུ་བསྐྱོད་དེ་འདས་པའི་རྗེས་འཇུག་བསྒྲུབ་རྒྱུར་རོགས་རམ་གནང་བའི་མཐུན་སྦྱོར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།