འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་ཐིང་རིམ་པ་གཞོན་པའི་ལས་བྱེད་པ་ཞིག་གིས་སྒྲིག་ཁྲིམས་ལས་ཚབས་ཆེན་
    འགལ་ཏེ་ཏང་དང་གཞུང་གནས་ལས་ཕུད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་09ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཞིང་ཆེན་སྒྲིག་ཨུད་ཀྱིས་མཚོ་ནུབ་ཁུལ་གོར་མོ་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་ཀུའོ་ཆིང་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ཐད་གྱོད་དོན་ཐོ་འགོད་ཞིབ་བཤེར་བྱས་པ་རེད།
         ཞིབ་བཤེར་བྱས་པ་བརྒྱུད། ཀུའོ་ཆིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་སྟེ། སྒེར་གཉེར་ཁེ་ལས་ཀྱི་གསོལ་སྟོན་ལ་ཐེངས་མང་བཞུགས་པ་དང་། ཡུལ་སྐོར་ཞབས་ཞུ་དང་འབུལ་རྟེན་བླངས་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་སྟེ། ཏང་ལ་ལྷག་བསམ་མི་དཀར་བ་དང་། གཞུང་སེམས་མི་དྲང་བ། སྒེར་གྱི་དོན་དག་སྙན་སེང་ཇི་མ་ཇི་བཞིན་མ་ཞུས་པར་མ་ཟད། ཡིག་ཐོག་འདྲི་རྩད་བྱེད་རིང་རྩ་འཛུགས་ལ་གནད་དོན་གསལ་བཤད་ཇི་མ་ཇི་བཞིན་མི་བྱེད་པ། སྤྱོད་གཙང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་སྟེ། ཕྲུ་གུའི་གཉེན་སྒྲིག་ལ་ཁ་གཡར་ཏེ་འཛེམ་བག་མེད་པར་རྒྱུ་ནོར་བསྡུ་ལེན་བྱས་པ་དང་། དུས་ཡུན་རིང་པོར་སྒེར་གཉེར་ཁེ་ལས་མང་པོ་ཞིག་ཏུ་མ་དངུལ་བཏང་ནས་མ་རྐང་འཇོག་པར་ཞུགས་ཏེ། དཔལ་འབྱོར་ཁེ་ཕན་གྲངས་འབོར་ཧ་ཅང་ཆེན་པོ་ཧམ་ལེན་བྱས་པ། ལས་གནས་ཀྱི་སྟབས་བདེའམ་ཡང་ན་ཤུགས་རྐྱེན་ལ་བརྟེན་ནས་གཞན་ལ་ཁེ་ཕན་དོན་གཉེར་བྱས་པ་དང་སྦྲགས་ལྐོག་རྔན་གྱི་རྒྱུ་དངོས་འབོར་ཆེན་བླངས་པའི་བྱས་ཉེས་བསགས་པ་རེད།
         ཀུའོ་ཆིང་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡིན་པའི་ཆ་ནས། ཕུགས་འདུན་དད་སེམས་མེད་པར་གྱུར་པ་དང་། དམིགས་ཡུལ་གྱི་འདུ་ཤེས་ཞན་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་ཇི་མི་སྙམ་པར་སྔར་བཞིན་དྲག་རྡུང་གཏོང་མུར་རང་འདོད་ཀྱིས་སྒྲིག་ཁྲིམས་ལས་འགལ་བའི་ལས་ཀ་བྱས་པས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཞིང་ཆེན་སྒྲིག་ཨུད་དང་རྒྱུན་ཨུད་ཀྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཞིང་ཆེན་ཏང་ཨུར་ཆོག་མཆན་ཞུས་པའི་རྗེས། ཀུའོ་ཆིང་ཏང་ནང་ནས་འབུད་རྒྱུ་དང་། ལས་ཁུངས་ནས་ཕྱིར་འབུད་རྒྱུའི་ཆད་པ་གཅོད་རྒྱུ་དང་། སྒྲིག་འགལ་གྱི་རྒྱུ་དངུལ་ཚང་མ་གཞུང་བཞེས་གཏོང་རྒྱུ། ཁོ་པའི་ཉེས་གསོག་གི་གནད་དོན་དང་ཁུངས་སྣེ། དེ་བཞིན་གྱོད་འབྲེལ་གྱི་རྒྱུ་དངུལ་བཅས་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱར་རྩིས་སྤྲོད་བྱེད་རྒྱུའི་ཐག་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།