འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི“ཁྲོན་བོད་ཟམ་ཆེན་ཐོག་མ”
    ཡི་ངར་ལྕགས་ཏལ་གདུང་ལེགས་འགྲུབ་ངང་སྣེ་མཐུད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 08:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི“ཁྲོན་བོད་ཟམ་ཆེན་ཐོག་མ”
ཡི་ངར་ལྕགས་ཏལ་གདུང་ལེགས་འགྲུབ་ངང་སྣེ་མཐུད་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་6ཉིན། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་ལྡན་པའི་ལས་གྲྭའི་ཡ་གྱལ་ལྕགས་ཟམ་ཁ་རྒྱལ་མོ་རྔུལ་ཆུའི་ཤིན་ཁང་ཟམ་ཆེན་གྱི་ངར་ལྕགས་ཏལ་གདུང་ལེགས་འགྲུབ་ངང་སྣེ་མཐུད་བྱས་པ་རེད། ཟམ་ཆེན་དེ་ནི་ས་བབ་མཐོ་བ་དང་། ས་ཡོམ་གྱི་གཏོར་ཚད་ཆེ་བའི་ས་རྒྱུད། རླུང་ར་རྙོག་འཛིང་ཆེ་བའི་ཁོར་ཡུག་བཅས་ཀྱི་འོག་ངར་ལྕགས་ཏལ་གདུང་སྣེ་གཉིས་བར་ཐག་ཆེ་བའི་འཕྱངས་ཟམ་ཡིན་ཞིང་། ཟམ་པའི་རིང་ཚད་སྨི་1411ཡོད་པ་དང་། ཟམ་པ་གཙོ་བོ་སྨི་1100བརྒལ་ཡོད་ལ། ལྕགས་རྩིབས་ཨར་འདམ་རྩེག་སྡེབ་ཟམ་ལམ་གྲུབ་ཐབས་བེད་སྤྱོད་བྱས་པ་དང་། བཟོ་སྐྲུན་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་10ལས་བརྒལ་ནས“ཁྲོན་བོད་ཟམ་ཆེན་ཐོག་མ” ཞེས་སྐད་གྲགས་ཆེན་པོ་ཁྱབ་པ་རེད།
         སྣེ་མཐུད་ཨར་ལས་བྱེད་གྲབས་ཡོད་པའི་ཤིན་ཁང་ཟམ་ཆེན་དེ་སྔོན་དཔག་བྱས་ན་2018ལོའི་ཟླ་8པའི་ཟླ་མཇུག་ཏུ་ཤར་གཏོང་བྱ་རྒྱུ་རེད། ཆུ་ཚོད་བཞི་རིང་གི་ཨར་སྐྲུན་བྱས་རྗེས། ཟམ་ཆེན་གྱི་ངར་ལྕགས་ཏལ་གདུང་མཇུག་ཤོས་དེ་སྣེ་མཐུད་སྒྲིག་སྦྱོར་བྱེད་ཐུབ་པ་རེད།
    ༄༅།།གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི“ཁྲོན་བོད་ཟམ་ཆེན་ཐོག་མ”
ཡི་ངར་ལྕགས་ཏལ་གདུང་ལེགས་འགྲུབ་ངང་སྣེ་མཐུད་བྱས་པ།
    ༄༅།།གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི“ཁྲོན་བོད་ཟམ་ཆེན་ཐོག་མ”
ཡི་ངར་ལྕགས་ཏལ་གདུང་ལེགས་འགྲུབ་ངང་སྣེ་མཐུད་བྱས་པ།
    ༄༅།།གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི“ཁྲོན་བོད་ཟམ་ཆེན་ཐོག་མ”
ཡི་ངར་ལྕགས་ཏལ་གདུང་ལེགས་འགྲུབ་ངང་སྣེ་མཐུད་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།