འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།>>རྒྱལ་སྤྱིའི་གསར་འགྱུར།

    ༄༅།།ཨ་རིའི་མངའ་སྡེ་ཞིག་ཏུ་མེ་འཁོར་རྡུང་ཁ་བརྒྱབ་ནས་མི་2གྲོངས་པ་དང་མི་མང་པོར་རྨས་
    སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་4ཉིན། ཨ་རིའི་འགྲུལ་སྐྱེལ་མེ་འཁོར་ཞིག་ལྷོ་ཁཱ་ལོ་ལའེ་ནཱ་མངའ་སྡེ་ཁུལ་དུ་སྐྱོད་དུས་ཚོང་ཟོག་སྐྱེལ་འདྲེན་མེ་འཁོར་ཞིག་དང་རྡུང་ཁ་བརྒྱབ་ནས་མི་2གྲོངས་པ་དང་མི་བརྒྱ་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། ད་ལྟ་དོན་རྐྱེན་བྱུང་རྐྱེན་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད།
         ཨ་རིའི་རྒྱལ་ཡོངས་ལྕགས་ལམ་འགྲུལ་སྐྱེལ་ཀུང་སིས་གསལ་བསྒྲགས་ནང་དུ་བཤད་དོན། ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་2དང་སྐར་མ་35ཡས་མས་སུ། ཉིའུ་གཡོད་ནས་མའེ་ཨ་སྨི་རུ་སྐྱོད་པའི་མེ་འཁོར་ཐེངས་91པ་ལྷོ་ཁཱ་ལོ་ལའེ་ནཱ་མངའ་སྡེའི་ལྟེ་བ་ཁོ་ལོམ་པི་ཡ་ཉེ་འཁོར་དུ་སླེབས་དུས། CSXལྕགས་ལམ་ཀུང་སིའི་ཟོག་འདྲེན་མེ་འཁོར་དང་རྡུང་ཁ་བརྒྱབ་པ་རེད། དོན་རྐྱེན་བྱུང་དུས། འགྲུལ་སྐྱེལ་མེ་འཁོར་ཐོག་འགྲུལ་པ་139དང་མེ་འཁོར་ཞབས་ཞུ་བ་8ཡོད་པ་རེད། 
         ལྷོ་ཁཱ་ལོ་ལའེ་ནཱ་མངའ་སྡེའི་འགོ་དཔོན་ཧེང་ལི་·མའེ་ཁེ་མཱ་སི་ཐེ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ། གྲོངས་ཟིན་པའི་མི་གཉིས་ནི་རྒྱལ་ཡོངས་ལྕགས་ལམ་སྐྱེལ་འདྲེན་ཀུང་སིའི་ལས་མི་ཡིན་པ་དང་། གཞན་ཡང་རྨས་སྐྱོན་བྱུང་བའི་མི་116ནི་ས་གནས་དེ་གའི་སྨན་ཁང་དུ་བསྐྱལ་ཟིན་པ་དང་། ཁོང་ཚོའི་རྨས་སྐྱོན་ཕོག་ཚུལ་ཀྱང་མི་འདྲ་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།