འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲུང་པུའུ་ཡི་གསར་འགྱུར་གཏམ་བཤད་པ་རེན་ཆང་གོ་ཡིས་ཨ་རིའི་《ཉིང་རྡུལ་འཕེལ་
    ཕྱོགས་ཀྱི་གྲོས་ཞིབ་སྙན་ཞུ་》སྤེལ་བའི་སྐོར་ལ་གཏམ་བཤད་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲུང་པུའུ་ཡིས་དྲ་ངོས་ཀྱི་གནས་འཕྲིན་ལ་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་2ཚེས་3ཉིན། ཨ་རིའི་རྒྱལ་སྲུང་པུའུ་ཡིས་《ཉིང་རྡུལ་འཕེལ་ཕྱོགས་ཀྱི་གྲོས་ཞིབ་སྙན་ཞུ་》སྤེལ་ནས། ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་གཞིར་རང་དགར་བསམ་ཚོད་བྱས་པ་དང་། ཀྲུང་གོའི་ཉིང་རྡུལ་ནུས་པའི་འཇིགས་སྐུལ་སྒྲོ་འདོགས་བྱས་པར། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་རེད། 
         ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དང་། འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བཞིན་ཡོད་ཅིང་། ཐོག་མཐའ་བར་གསུམ་དུ་དུས་ནམ་ཡིན་དང་གནས་ཚུལ་གང་བྱུང་ལ་མ་བལྟས་པར་ཉིང་རྡུལ་མཚོན་ཆ་ཐོག་མར་མི་སྤྱོད་པའི་སྲིད་ཇུས་དམ་སྲུང་བྱེད་བཞིན་ཡོད་པ་དང་། ཆ་རྐྱེན་མེད་པར་ཉིང་རྡུལ་མཚོན་ཆ་མེད་པའི་རྒྱལ་ཁབ་དང་ཉིང་རྡུལ་མཚོན་ཆ་མེད་པའི་ས་ཁུལ་ལ་ཉིང་རྡུལ་མཚོན་ཆ་སྤྱོད་པའམ་ཉིང་རྡུལ་མཚོན་ཆའི་འཇིགས་སྐུལ་བྱེད་རིགས་མི་བྱེད་པའི་ཁས་བླངས་ཡོད་པ་རེད། ཀྲུང་གོས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་གཏོང་བའི་ཐད་ཐོག་མཐའ་བར་གསུམ་དུ་ཚོད་འཛིན་པའི་རྣམ་པ་བཟུང་ཡོད་པ་དང་། སྔ་ཕྱི་བར་གསུམ་དུ་རང་ངོས་ཀྱི་ཉིང་རྡུལ་མཚོན་ཆའི་ནུས་པ་རྒྱལ་ཁབ་ཀྱི་བདེ་འཇགས་དགོས་
    མཁོའི་ཚད་ཆུང་ཤོས་ཀྱི་ཚད་དུ་རྒྱུན་འཛིན་བྱེད་བཞིན་ཡོད། 
         ཉིང་རྡུལ་འཕེལ་ཚུལ་གྱི་གྲོས་ཞིབ་ནི་ཐོག་མར་དུས་རབས་ཀྱི་འཕེལ་ཕྱོགས་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་། ཞི་བདེ་དང་འཕེལ་རྒྱས་ནི་འཛམ་གླིང་གི་འཕེལ་ཕྱོགས་ལྡོག་མེད་ཅིག་ཡིན་པ་དང་། ཨ་རི་ཕྱོགས་ནི་འཛམ་གླིང་ཐོག་ཉིང་རྡུལ་མཛོད་ཁང་ཆེས་ཤོས་ཀྱི་རྒྱལ་ཁབ་ཡིན་པས། རང་འགུལ་ངང་འཕེལ་ཕྱོགས་འདིར་བསྟུན་དགོས་པ་ལས། དེ་དང་རྒྱབ་འགལ་བྱེད་མི་འོས། ང་ཚོས་ཨ་རིའི་ཕྱོགས་ནས་འཇམ་འཐབ་ཀྱི་བསམ་བློ་སྐྱུར་ནས། རང་ངོས་ནས་ཉིང་རྡུལ་མཚོན་ཆ་ཇེ་ཉུང་དུ་དམིགས་སུ་བཀར་ནས་གཏོང་འགན་སྔོན་ལ་ཏན་ཏིག་འཁུར་བ་དང་། ཀྲུང་གོའི་ཕྱོགས་ཀྱི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་བསམ་བཀོད་ལ་གོ་བ་ཡང་དག་བླངས་ཏེ། ཀྲུང་གོའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་དོན་དངོས་དང་མཐུན་པར་ལྟ་སྟངས་བཟུང་ནས། ཀྲུང་གོ་དང་མཉམ་དུ་གཅིག་མཐུན་ཡོང་བར་བྱས་ཏེ། དམག་དཔུང་གཉིས་ཀྱི་འབྲེལ་བ་དེ་ཀྲུང་གོ་དང་ཨ་རིའི་བར་བརྟན་ལྷིང་ཡོང་གཞིར་འགྱུར་བར་བྱས་ནས། མཉམ་ཏུ་འཛམ་གླིང་དང་ས་ཁུལ་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་སྲུང་སྐྱོབ་ཡོང་བའི་རེ་བ་བྱེད་བཞིན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།