འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།"མར་ཁེ་སི་རིང་ལུགས་ཀྲུང་གོར་ཁྱབ་སྤེལ་ཐོག་མ་བྱུང་སྐབས་ཀྱི་བཤམས་སྟོན་ཁང"གི་སྒོ་མོ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་04ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མར་ཁེ་སི་འཁྲུངས་ནས་ལོ་200འཁོར་བ་དང་《གུང་ཁྲན་ཏང་གི་བསྒྲགས་གཏམ་》ཡོངས་བསྒྲགས་ངང་སྤེལ་ནས་ལོ་170འཁོར་བར་དྲན་གསོ་ཞུ་བའི་དུས་སུ་ཀྲུང་དབྱང་རྩོམ་སྒྱུར་ཅུས་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“མར་ཁེ་སི་རིང་ལུགས་ཀྲུང་གོར་ཁྱབ་སྤེལ་ཐོག་མ་བྱུང་སྐབས་ཀྱི་བཤམས་སྟོན་ཁང”གི་སྒོ་མོ་འབྱེད་པའི་མཛད་སྒོ་ཟླ་2ཚེས་2ཉིན་པེ་ཅིང་ལུའུ་ཤུན་རྟེན་རྫས་བཤམས་མཛོད་ཁང་(པེ་ཅིང་རིག་གནས་གསར་པའི་ལས་འགུལ་དྲན་གསོ་ཁང་)གི་པེ་ཏ་ཧོང་ཐོག་བརྩེགས་ཁང་ཆེན་ཁུལ་དུ་འཚོགས་པ་རེད།
         བཤམས་སྟོན་ཁང་ནང་ཉར་བའི་ལོ་རྒྱུས་ཀྱི་པར་རིས་དང་། རྩ་ཆེའི་རིག་དངོས། ཚད་ལྡན་གྱི་དཔྱད་གཞིའི་ཡིག་རིགས། སྒྱུ་རྩལ་བརྩམས་ཆོས་སོགས་འབོར་ཆེན་གྱིས་མར་ཁེ་སི་རིང་ལུགས་ཀྲུང་གོར་ཁྱབ་སྤེལ་ཐོག་མ་བྱུང་སྐབས་ཀྱི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་མངོན་ཡོད་ལ། སྔ་དུས་མར་ཁེ་སི་རིང་ལུགས་པས་རྒྱལ་སྐྱོབ་ལམ་བུ་འཚོལ་ཞིབ་བྱེད་སྐབས་ཀྱི་དད་སེམས་བརྟན་པོ་དང་དོན་གཉེར་བྱེད་སེམས་ཆེན་པོ་ཡང་མངོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།