འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ནུས་རྒྱུ་གསར་པའི་གྲངས་གཞི་ཆེ་མོའི་གསར་གཏོད་གླིང་ཐོག་མ་མཚོ་སྔོན་དུ་
    སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་གྲངས་གཞི་ཆེ་མོའི་གསར་གཏོད་གླིང་ཐོག་མ་ཟླ་1ཚེས་31ཉིན་མཚོ་སྔོན་དུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་དང་། མཉམ་ལས། ཞབས་ཞུ་བཅས་སྐས་རིམ་གསར་པར་སླེབས་ནས་ནུས་རྒྱུ་དང་བཟོ་ལས་ཀྱི་དྲ་སྦྲེལ་མཉམ་འདྲེས་གཏིང་ཟབ་དང་དུས་གཅིག་ཏུ་གོང་འཕེལ་གྱི་རྣམ་པ་གསར་པ་ཐོག་མར་ཆགས་པ་མཚོན་པ་རེད།
         དེ་ཉིན་འཚོགས་པའི་སྒོ་འབྱེད་མཛད་སྒོའི་ཐོག་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏུང་ཐེན་རེན་གྱིས་འདི་ལོའི་ལོ་སྟོད་དུ་སྤྱོད་འགོ་ཚུགས་པའི་ནུས་རྒྱུ་གསར་པའི་གྲངས་གཞི་ཆེ་མོའི་གསར་གཏོད་ལས་སྟེགས་ལ་བརྟེན་ནས། རྒྱལ་ཁབ་གློག་དྲས་མཚོ་སྔོན་དུ་རྒྱལ་ནང་གི་ནུས་རྒྱུ་གསར་པའི་ཐོན་ལས་སྦྲེལ་ཐག་ཧྲིལ་པོར་ཁ་ཕྱོགས་པའི་དྲ་ཕྱིའི་གསར་གཏོད་གླིང་ཐོག་མ་དེ་བསྐྲུན་ནས་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་ཡོད་ཅེས་བཤད།
         གསར་འགོད་པར་ཤེས་རྟོགས་བྱུང་བར། གསར་གཏོད་གླིང་གིས་དེ་ཉིན་ཞིང་ཆེན་ཕྱི་ནང་གི་ནུས་རྒྱུ་གསར་པའི་གློག་ཁང་29དང་འབྲེལ་མཐུད་བྱས་པའི་ཐོག ཞིང་ཆེན་ཕྱིའི་རླུང་ཤུགས་གློག་ཁང་དང་རྒྱལ་ཁབ་ཕྱིའི་རླུང་ཤུགས་གློག་ཁང་དང་ཐོག་མར་འབྲེལ་མཐུད་ཚོད་ལྟ་བྱས་པ་དང་། ཁེ་ལས་9གསར་གཏོད་གླིང་དུ་གཞིས་ཆགས་ནས་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་841.69ཟིན་ཡོད་པ་རེད། དུས་མཚུངས་གསར་གཏོད་གླིང་གིས་པེ་ཅིང་བཟོ་ལས་གྲངས་གཞི་ཆེ་མོ་ལྟེ་གནས་དང་། ཤིན་ཧྥོང་ཚན་རྩལ། ཧྭ་ཝུའེ་ཀུང་སི། མཚོ་སྔོན་ནུས་འཛོམས་གློག་ཤུགས་སོགས་ཁེ་ལས་རྩེ་གྲ་མང་པོ་དྲངས་ནས་མཉམ་ལས་རོགས་ཟླར་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།