འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱི་བདེ་ཆེན་སོགས་སུ་དྲོད་ཚད་དམའ་རུ་འགྲོ་རྒྱུ་ཡིན་པས་འགྲིམ་འགྲུལ་དང་ཞིང་
    ལས་ལ་ཤུགས་རྐྱེན་ཐེབས་སྲིད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་འདི་ འགར་ཡུན་ནན་ཞིང་ཆེན་གྱི་ས་ཆ་མང་ཆེ་བར་དྲོད་ཚད་དམའ་རུ་འགྲོ་རྒྱུ་དང་། ཡུན་ནན་གྱི་དབུས་བརྒྱུད་དང་དེ་བཞིན་ཤར་ཕྱོགས་ས་ཁུལ་ལ་གངས་ཆུང་བ་འབབ་རྒྱུ་དང་ས་ཆ་ཁ་ཤས་ལ་གངས་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པས། དྲོད་ཚད་དམའ་བའི་གནམ་གཤིས་ལས་འགྲིམ་འགྲུལ་དང་ཞིང་ལས་ལ་ཤུགས་རྐྱེན་ཐེབས་རྒྱུར་དོགས་ཟོན་བྱེད་དགོས།
         མཁའ་རླུང་གྲང་མོའི་དབང་གིས་ཡུན་ནན་ཞིང་ཆེན་གྱི་ས་ཆ་མང་ཆེ་བར་དྲོད་ཚད་ཆེས་ཆེར་དམའ་རུ་འགྲོ་རྒྱུ་དང་། དྲོད་ཚད་དམའ་བའི་གངས་མ་ཆར་མུ་མཐུད་འབབ་རྒྱུ། ཡུན་ནན་གྱི་དབུས་བརྒྱུད་དང་དེ་བཞིན་ཤར་ཕྱོགས་ས་ཁུལ་དུ་གངས་ཆུང་བ་འབབ་རྒྱུ། ས་བབ་མཐོ་སར་གངས་འབྲིང་བ་ནས་ཆུང་བ་འབབ་རྒྱུ་ཡིན་པ་རེད།
         གནམ་གཤིས་རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་དོན། དྲོད་ཚད་དམའ་བའི་གངས་མ་ཆར་མུ་མཐུད་འབབ་རྒྱུ་ཡིན་པས་མི་དམངས་མང་ཚོགས་ཚོའི་ཐོན་སྐྱེད་དང་། འཚོ་བ། དཔྱིད་གསར་སྐྱེལ་འདྲེན་གྱི་ལས་ཀར་ཤུགས་རྐྱེན་ཐེབས་སྲིད་པ་དང་ལྷག་པར་དུ་ཞིང་ལས་དང་། འགྲིམ་འགྲུལ། གློག་ཤུགས་སོགས་ལ་ཤུགས་རྐྱེན་ཐེབས་རྒྱུར་དོགས་ཟོན་བྱེད་དགོས།
         ས་གནས་ཁག་གིས་ཐོན་སྐྱེད་དང་འཚོ་བར་འགན་ལེན་བྱེད་པའི་ལས་དོན་སྔོན་ལ་ཡག་པོ་སྒྲུབ་དགོས་ཤིང་། དྲོད་ཚད་དམའ་རུ་ཕྱིན་ནས་གངས་མ་ཆར་བབས་པ་ལས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་མང་པོ་བཟོ་སྲིད་པས། འབྲེལ་ཡོད་སྡེ་ཚན་གྱིས་གློག་དང་། ཆུ། སོལ་རླངས། ཞིང་ཞོར་ཐོན་རྫས་བཅས་མཁོ་འདོན་སོགས་ཀྱི་འགན་ལེན་ལས་དོན་ཡག་པོ་བསྒྲུབ་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།