འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་གངས་ལྗོངས་གི་ལྕགས་ལམ་ཉེན་རྟོག་པས་ནུས་ཤུགས་
    ཡོད་རྒུས་འགྲུལ་པ་ཚོས་བདེ་འཇགས་ངང་འགྲུལ་སྐྱོད་བྱེད་པར་འགན་སྲུང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་02ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་གངས་ལྗོངས་གི་ལྕགས་ལམ་ཉེན་རྟོག་པས་ནུས་ཤུགས་
ཡོད་རྒུས་འགྲུལ་པ་ཚོས་བདེ་འཇགས་ངང་འགྲུལ་སྐྱོད་བྱེད་པར་འགན་སྲུང་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་ནི་2018ལོའི་རྒྱལ་ཡོངས་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོ་ཡིན། “བདེ་འཇགས་ངང་འགྲུལ་སྐྱོད་དང་། སྒྲིག་ལམ་ལྡན་པའི་ངང་འགྲུལ་སྐྱོད། བློ་བདེའི་ངང་འགྲུལ་སྐྱོད”བཅས་ཀྱི་ལས་སྒྲུབ་དམིགས་ཡུལ་ལྟར་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་ཁྲུའུ་ཡོངས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་པ་དང་ཉེན་རྟོག་པ་ཁྱོན་60ལྷག་སྒྲིག་འཛུགས་བྱས་ཏེ་ཁག་བགོས་ཀྱིས་བོད་ལྗོངས་ཀྱི་མེ་འཁོར་འབབ་ཚུགས་སོ་སོར་བསྐྱོད་དེ“འགྲུལ་པར་ཞབས་ཞུ་དམིགས་ཡུལ་དུ་འཛིན་པ་དང་། འགྲུལ་པ་རྣམས་སྤུན་མཆེད་ལྟར་བརྩི་བ”ཞེས་པའི་འདུ་ཤེས་ལ་དམ་པོར་དམིགས་ནས་དཔྱིད་གསར་སྐྱེལ་འདྲེན་ཉིན་དང་པོ་དང“ལམ་བར་དྲོ་སྐྱིད་ལྡན་པའི་བརྩེ་བས་སྐྱོང་། མཁའ་ལམ་ཉེན་རྟོག་པས་ཁྱེད་དང་མཉམ་དུ་བགྲོད”བརྗོད་བྱ་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད་པ་རེད།
         ད་རེས་ཀྱི་བྱེད་སྒོ་ནི་ས་ཚིགས་དང་མེ་འཁོར་ཐོག་གི་སྒྲིག་ལམ་སྲུང་སྐྱོང་དང་། འགྲུལ་པའི་འཛིན་ཤོག་ལ་བརྟག་དཔྱད། དམངས་བདེའི་ཞབས་ཞུ། དུག་རྫས་གཏན་འགོག་གི་དྲིལ་བསྒྲགས། སླུ་བྲིད་རྐུ་ཁྱེར་སྔོན་འགོག་གི་གཏམ་གླུ་སྤེལ་མའི་འཁྲབ་སྟོན། གཅེས་སེམས་ལྡན་པའི་ཐུགས་ཁུར། ཉེན་དོན་ལྟ་ཞིབ་བཅས་བརྗོད་བྱ་གཙོ་བོ་བདུན་འདུས་པ་རེད།
         བྱེད་སྒོ་སྤེལ་འགོ་ཚུགས་རྗེས། ཞབས་ཞུའི་ཚོ་ཆུང་ཁག་ལས་གནས་སོ་སོར་བསྐྱོད་དེ་བདེ་འཇགས་ངང་འགྲུལ་སྐྱོད་བྱེད་རྒྱུའི་དྲིལ་བསྒྲགས་ཤོག་བྱང་འགྲེམས་པ་དང་། ལྕགས་ལམ་གྱི་བདེ་འཇགས་རྒྱུན་ཤེས་འགྲེལ་བཤད་རྒྱག་པ། བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་སྤེལ་བ། ས་མཐོའི་འཕྲལ་མཁོའི་སྨན་རྫས་འདོན་སྤྲོད་བྱེད་པ། གཅེས་སེམས་ལྡན་པའི་ཆུ་ཚ་པོ་སྐྱེལ་བ། རྡོག་ཁྲེས་འཁྱེར་རོགས་བྱེད་པ། དྲོ་སྐྱིད་ལྡན་པའི་སྨོན་འདུན་ཞུ་བ་སོགས་བྱེད་ཐབས་ནུས་ལྡན་ལ་བརྟེན་བརྒྱུད་ནས་བོད་ལྗོངས་ནས་ཕྱིར་སྐྱོད་པའི་འགྲུལ་པ་ཚོར་གཅེས་སྐྱོང་དང་དྲོ་སྐྱིད། སྟབས་བདེ་བཅས་ཏན་ཏིག་ངང་ཕུལ་བ་རེད།
         གཞན་ཡང་། ནག་ཆུ་འབབ་ཚུགས་སྤྱི་བདེ་མངག་གཏོང་ཁང་དང་། ཆུ་ཤུར་འབབ་ཚུགས་སྤྱི་བདེ་མངག་གཏོང་ཁང་། གཞིས་རྩེ་འབབ་ཚུགས་སྤྱི་བདེ་མངག་གཏོང་ཁང་བཅས་ཚང་མས་ཉིན་དེར་འབབ་ཚུགས་ཁག་ཏུ་ལམ་གཅེས་ལམ་སྲུང་དྲིལ་བསྒྲགས་དང་། དུག་རྫས་གཏན་འགོག་དྲིལ་བསྒྲགས། དམངས་བདེའི་ཞབས་ཞུ་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ཀྱིས་འགྲུལ་པ་མང་ཚོགས་ཀྱི་ཆེད་དུ་བྱ་བ་བཟང་པོ་800ལྷག་ཙམ་བསྒྲུབས་པ་དང་། འགྲུལ་པའི་བློ་འདྲིའི་གནད་དོན་ལ་དྲིས་ལན་ཐེངས་3000ལྷག་བརྒྱབ་པ། དཔྱིད་གསར་སྐྱེལ་འདྲེན་གྱི་དྲིལ་བསྒྲགས་ཡིག་རིགས་སྣ་ཚོགས་3000ལྷག་ཙམ་སྤྲད་པ། སློབ་གསོ་ཐེབས་པའི་འགྲུལ་པ་མང་ཚོགས་5000ལྷག་ཙམ་ཟིན་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས“བདེ་འཇགས་དང་། སྒྲིག་ལམ་ལྡན་པ། དྲོ་སྐྱིད་ལྡན་པ”བཅས་ཀྱི་དཔྱིད་གསར་སྐྱེལ་འདྲེན་གྱི་ཁོར་ཡུག་བསྐྲུན་པ་རེད།
    【1】  【2】
    ༄༅།།དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་གངས་ལྗོངས་གི་ལྕགས་ལམ་ཉེན་རྟོག་པས་ནུས་ཤུགས་
ཡོད་རྒུས་འགྲུལ་པ་ཚོས་བདེ་འཇགས་ངང་འགྲུལ་སྐྱོད་བྱེད་པར་འགན་སྲུང་བྱས་པ།
    ༄༅།།དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་གངས་ལྗོངས་གི་ལྕགས་ལམ་ཉེན་རྟོག་པས་ནུས་ཤུགས་
ཡོད་རྒུས་འགྲུལ་པ་ཚོས་བདེ་འཇགས་ངང་འགྲུལ་སྐྱོད་བྱེད་པར་འགན་སྲུང་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།