འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མ་བཅོས་རྡོ་སྣུམ་གསོག་ཚད་ཟླ་གོང་མ་ལས་3.24%འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྡོ་སྣུམ་རིན་གོང་ཁོངས་གཏོགས་ཀྱིས་ཟླ་2ཚེས་29ཉིན་ཁྱབ་བསྒྲགས་བྱས་པའི་ཀྲུང་གོ་རྡོ་སྣུམ་གསོག་ཉར་གྲངས་གཞི་ལས་མངོན་པར། 2017ལོའི་ཟླ་12པའི་ཟླ་མཇུག་ཏུ་ཀྲུང་གོས་མ་བཅོས་རྡོ་སྣུམ་གསོག་ཚད(གསོག་འཇོག་བྱས་པ་ཚུད་མེད་པ)དེ་ཟླ་གོང་མ་ལས་3.24%འཕར་བ་དང་། རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གསོག་ཚད་ཟླ་གོང་མ་ལས་9.10%འཕར་ཡོད། དེའི་ཁྲོད་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གསོག་ཚད་ཟླ་གོང་མ་ལས་འཕར་ཡོད་པ་དང་ཁྲའེ་ཡིའུ་སྣུམ་གསོག་ཚད་ཟླ་གོང་མ་ལས་འཕར་ཡོད་པ་དང་། ས་སྣུམ་གསོག་ཚད་ཟླ་གོང་མ་ལས་ཅུང་ཟད་ཆག་ཡོད་པ་རེད།
         2017ལོའི་ཟླ་12པར་ཀྲུང་གོའི་མ་བཅོས་རྡོ་སྣུམ་ཐོན་ཚད་ཟླ་གོང་མ་དང་བསྡུར་ན་འཕར་ཡོད་མོད། ཡིན་ནའང་ནང་འདྲེན་བྱེད་ཚད་མངོན་གསལ་དོད་པོས་ཆག་ཡོད་པ་དང་མ་བཅོས་རྡོ་སྣུམ་ལས་སྣོན་བྱེད་ཚད་ཟླ་གོང་མ་ལས་ཅུང་ཟད་ཆག་ཡོད་པ་རེད། ཕྱོགས་བསྡུས་གནས་ཚུལ་ལ་བལྟས་ན་2017ལོའི་ཟླ་12པའི་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ཀྱི་མ་བཅོས་རྡོ་སྣུམ་གསོག་ཚད་ཟླ་གོང་མ་དང་བསྡུར་ན་འཕར་ཡོད་པ་རེད།
         རླངས་སྣུམ་དང་ས་སྣུམ་མཁོ་སྤྲོད་ལ་བལྟས་ན། 2017ལོའི་ཟླ་12པའི་རླངས་སྣུམ་དང་ས་སྣུམ་གྱི་ཐོན་ཚད་ཟླ་གོང་མ་ལས་ཆག་ཡོད་མོད། ཡིན་ནའང་ཁྲའེ་ཡིའུ་སྣུམ་ཐོན་ཚད་ཅུང་འཕར་ཡོད། ཟླ་འདིའི་རླངས་སྣུམ་ཕྱིར་གཏོང་བྱེད་ཚད་ཟླ་གོང་མ་ལས་18%འཕར་ཡོད་པ་དང་། ཁྲའེ་ཡིའུ་སྣུམ་ཕྱིར་གཏོང་བྱེད་ཚད་ཟླ་གོང་མ་ལས་1.7%ཆག་ཡོད་པ་རེད། དགོས་མཁོའི་གནས་ཚུལ་ལ་བལྟས་ན། གྲོང་མི་རྣམས་ཀྱིས་རླངས་འཁོར་བསྡད་དེ་ཕྱིར་བསྐྱོད་ཚད་ཉུང་དུ་ཕྱིན་པར་བརྟེན་རླངས་སྣུམ་སྤྱོད་ཚད་ཉུང་དུ་སོང་ཡོད། 2017ལོའི་ཟླ་12པར་རྒྱལ་ནང་དང་ལྷག་པར་དུ་བྱང་ཕྱོགས་ས་ཁུལ་དུ་དྲོད་ཚད་དམའ་རུ་ཕྱིན་པའི་རྐྱེན་གྱིས་ལས་གྲྭ་དང་གཞི་རྩའི་འཛུགས་སྐྲུན་སོགས་ཕྱི་རོལ་དུ་ལས་ཀ་བྱེད་ཚད་ཉུང་དུ་ཕྱིན་པ་དང་། གཞན་ཡང་ཁོར་ཡུག་བཅོས་སྒྲིག་གི་དབང་གིས་ལས་རིགས་མང་པོ་ཞིག་གིས་གྲང་ངར་ཆེ་བའི་དུས་ཚིགས་སུ་དྲོད་མཁོ་འདོན་བྱེད་ཚད་ཉུང་དུ་བཏང་བར་བརྟེན་ཁྲའེ་ཡིའུ་སྣུམ་སྤྱོད་ཚད་ཉུང་དུ་ཕྱིན་ཡོད། ཕྱོགས་བསྡུས་གནས་ཚུལ་ལ་བལྟས་ན། ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ཀྱི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གསོག་ཉར་བྱེད་ཚད་ཟླ་གོང་མ་ལས་འཕར་ཡོད་པ་མ་ཟད་ཁྲའེ་ཡིའུ་སྣུམ་གསོག་ཚད་ཟླ་བ་གོང་མ་ལས་ཅུང་ཟད་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།