འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་བཟང་རྒྱལ་མཚན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་
    རེན་དང་ཆེ་དགྲ་ལྷ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིར་བདམས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་30ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་བློ་བཟང་རྒྱལ་མཚན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་པ་དང་། རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འོད་ཟེར། ཞུས་ཞུའེ་ཀོང(རྒྱ་རིགས) འཆི་མེད་རིག་འཛིན། ཅུས་ཅན་ཧྭ(རྒྱ་རིགས) ལི་ཝུན་ཧན(རྒྱ་རིགས) ཉི་མ་ཚེ་རིང་། ཅི་གོ་ཀང(རྒྱ་རིགས) མཱ་ཧྲེང་ཁྲང(རྒྱ་རིགས) ཝང་ཅུན(མོ། རྒྱ་རིགས) ཞུས་ཁྲེང་ཚང(རྒྱ་རིགས)བཅས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བདམས་པ། ལིའུ་ཀོང་ཤུས(རྒྱ་རིགས)བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེར་བདམས་པ། ཆེ་དགྲ་ལྷ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིར་བདམས་པ། ཀྲོང་ཡན(རྒྱ་རིགས)དང་། ནོར་བུ་དོན་གྲུབ། ཅང་ཅེ(རྒྱ་རིགས) ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་སྒྲུབ། རྒྱལ་མཚན། ལིའུ་ཅང(རྒྱ་རིགས) དབང་ཧའེ་ཀྲོའུ(རྒྱ་རིགས) ཧྲི་མོའུ་ཅུན(མིའོ་རིགས) ཀྲང་ཡུང་ཙེ(རྒྱ་རིགས) ཀྲང་ཡན་ཆིང་། བློ་མེས(མོ) མོང་ཞའོ་ལིན(རྒྱ་རིགས) འཇམ་དཔལ་བཅས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པ། ཝང་གཡུང་ཅུན(རྒྱ་རིགས)བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པ། བསོད་དར་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་བདམས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།