འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཆ་མང་ཆེ་བར་གངས་བབས་པས་ཀན་ལྷོ་སོགས་ཀྱི་མྱུར་བགྲོད་གཞུང་ལམ་ཁག་གཅིག་ལ་
    འགྲིམ་འགྲུལ་བཀག་སྡོམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་ཀན་སུའུ་ཅིའུ་ཆོན་དང་། ཀྲང་ཡེ། ཝུའུ་ཝེ། ཀན་ལྷོ་སོགས་ཀྱི་ལམ་དུམ་བུར་གངས་ཆུང་སྔར་བཞིན་འབབ་བཞིན་ཡོད་པས་ལམ་དུམ་བུ་ཁག་གཅིག་ལ་གངས་གསོག་ཐེབས་ཏེ་འཁྱགས་ཡོད།
         དེར་བརྟེན་ཀན་སུའུ་ཡིས་G75ལན་ཀྲོའུ་ནས་ཧའེ་ཁོའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལན་ཀྲོའུ་ནས་ཝུའེ་ཡོན་ལམ་དུམ་བུ་དང་། G22མཚོ་སྔོན་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལིའུ་ཀོའུ་གཙང་པོ་ནས་ཅིང་ཉིང་ལམ་དུམ་བུའི་བར། ཆིང་དབྱང་གི་ཤའོ་ཅིན་ནས་ཐའེ་པའེ་ལམ་དུམ་བུའི་བར། G7011ཧྲི་ཐན་མྱུར་བགྲོད་གཞུང་ལམ་གྱི་ཧུའེ་རྫོང་ནས་ཐན་ཧྲུའེ་ལམ་དུམ་བུའི་ལམ་རྒྱུད་ཀྱི་རླངས་འཁོར་འཛུལ་ས་དང་དོན་ས་བཅས་ལ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད། G22མཚོ་སྔོན་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་ཕིང་ལེའང་ནུབ་ནས་ཁྲང་ཆིང་ཟམ་པ་བར་དང་། G30ལན་ཡུན་ཀང་ནས་ཧོའར་གོ་སི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཐན་ཧྲུའེ་ནས་ཏིང་ཤིས་བར་གྱི་ལམ་དུམ་བུར་ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར། མི་བདུན་ཡན་སྡོད་པའི་འགྲུལ་སྐྱེལ་རླངས་འཁོར་བཅས་ལ་གནས་སྐབས་རིང་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།