འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གྲོས་ཨུ་ཡོན་མེ་ཏོག་སྒྲོལ་མས་ཕ་ཡུལ་གྱི་རྩྭ་རམ་པ་འཁྱེར་ནས་ཚོགས་ཆེན་གཉིས་ལ་ཞུགས་པ།  

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མེ་ཏོག་སྒྲོལ་མ་གཟུགས་པོ་ཆེན་པོ་དེ་ཙམ་མེད་ཅིང་། གདོང་གི་ཁུར་ཚོས་ལས་དམར་མདངས་རྒྱས། ལག་ཏུ་ཁུག་མ་5འཁྱེར་ནས་སླེབས་ཞིང་འགྲོ་དུས་གཟུགས་པོ་འཁྱར་འཁྱོར་བྱེད་བཞིན་ཡོད་པ་རེད། སྲིད་གྲོས་ཨུ་ཡོན་གྱི་འབྱོར་ཐོ་འགོད་སར་སླེབས་ནས། ལས་བྱེད་མི་སྣས་རྐུབ་སྟེགས་ཞིག་ཕུལ་རྗེས་ལམ་བར་གྱི་ངལ་བ་སོས་ཏེ། གཏམ་གླེང་བྱེད་འགོ་ཚུགས།
         བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་མེ་ཏོག་སྒྲོལ་མ་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྗོང་རི་ཐང་གྲོང་རྡལ་ས་སྐྱོང་གྲོང་ཚོའི་གྲོང་མི་ཡིན་པ་དང་། ན་ནིང་ཚོགས་ཆེན་བཅུ་དགུ་པའི་སྐབས་སུ། ཁོང་དང་གྲོང་མི་ཚོ་མཉམ་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ་སྐུལ་ལྕག་ཟབ་མོ་ཐེབས་ཏེ། "སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང'མཐའ་མཚམས་འཕེལ་རྒྱས་མགྱོགས་དུ་བཏོང་བ་དང་། མཐའ་མཚམས་བརྟན་ལྷིང་དང་བདེ་འཇགས་ལ་འགན་ལེན་དགོས་ལུགས'གསུངས་ཡོད་པ་རེད། ང་ཚོའི་གྲོང་ཚོ་ནི་མཐའ་མཚམས་གྲོང་ཚོ་ཡིན་པས། ཕ་ཡུལ་འཕེལ་རྒྱས་དང་འཛུགས་སྐྲུན་ཡག་པོར་བྱེད་པ་ནི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་རེད"ཅེས་ཟེར།
         མེ་ཏོག་སྒྲོལ་མས་གསར་འགོད་པར་བཤད་དོན། ད་ལྟ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་ནས། གང་སར་བདེ་སྡོད་ཁང་གསར་རྒྱག་བཞིན་ཡོད་པ་རེད། གྲོང་ཚོའི་ནང་གི་དཔའ་འབྱོར་ཉིན་རེ་བཞིན་ཡག་ཏུ་འགྲོ་བ་དང་། གྲོང་མི་ཕན་ཚུན་ཡང་འཆམ་མཐུན་ཆེན་པོ་ཡོད་པ་རེད། ད་རེས་ལྷ་སར་མ་ཡོང་གོང་ལ་ཁོང་གིས་གྲོང་མི་ཚོའི་བསམ་འཆར་བསྡུ་ལེན་གནང་ཡོད་པ་རེད།
        མེ་ཏོག་སྒྲོལ་མས། "ངའི་ཁུག་མའི་ནང་ཕ་ཡུལ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་རྩྭ་རམ་པ་བླུགས་ཡོད། ཚང་མས་དུས་རྒྱུན་རྩྭ་ནི་བ་གསོ་བྱེད་ཁོ་ན་བྱེད་པ་ལས། དེར་གསར་སྤེལ་གྱི་རིན་ཐང་དེ་བས་ཆེ་བ་ཡོད་མེད་མི་ཤེས་པས། གྲོང་མི་ཚོའི་རེ་བ་ལྟར་ངས་རྩྭ་འདི་ཚོགས་ཆེན་གཉིས་ཀྱི་ཐོག་ཁྱེར་ནས། རིགས་གཅིག་མཁས་ཅན་དང་ཀུང་སིས་ལན་ཞིག་གནང་མཁན་ཡོད་མེད་ལ་ལྟ་རྒྱུ་ཡིན"ཟེར།
      

    ཕྱོགས་བསྡུས་གསར་འགྱུར།