འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་ལྕགས་ལམ་སྤྱི་བདེ་ཡིས་དཔྱིད་ཀའི་སྐྱེལ་འདྲེན་དུས་ཀྱི་མེ་འཁོར་སྤ་སེ་ལོག་ཚོང་བྱེད་
    པར་རྡུང་རྡེག་ཚ་ནན་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་23ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷ་སའི་ལྕགས་ལམ་སྤྱི་བདེ་ཡིས་དཔྱིད་ཀའི་སྐྱེལ་འདྲེན་དུས་ཀྱི་མེ་འཁོར་སྤ་སེ་ལོག་ཚོང་བྱེད་
པར་རྡུང་རྡེག་ཚ་ནན་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་19ཉིན་གསར་འགོད་པས་གནས་ཚུལ་ཤེས་གསལ་དུ། བོད་ལྗོངས་ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་དུས་ཡུན་ཉིན་100རིང་གི"རྔོན་ཁྲ་-2018"ཞེས་པའི་བྱ་སྤྱོད་སྤེལ་ཏེ་མེ་འཁོར་སྤ་སེ་ལོག་ཚོང་བྱེད་མཁན་ལ་རྡུང་རྡེག་བཏང་སྟེ་འགྲུལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོར་བྱས་པ་རེད།
          ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱི་དཔྱིད་ཀའི་སྐྱེལ་འདྲེན་དུས་ཚོད་ནི་ནང་ས་དང་བསྡུར་ན་སྔ་བ་ཡིན་ཞིང་། ད་ལོའི་དཔྱིད་ཀའི་སྐྱེལ་འདྲེན་གྱི་དུས་ཚོད་ནི་ལོ་སྔོན་མ་ལས་ཀྱང་སྔ་བ་སྟེ། ཟླ་བ་དང་པོ་ནས་བཟུང་གཉེན་ཉེ་ལ་ཐུག་པར་འགྲོ་བ་དང་། སློབ་མ་ཚོ་འགྲོ་སྐྱོད། ལས་མི་ཚོ་འགྲོ་སྐྱོད་སོགས་མཉམ་དུ་བྱུང་ཡོད་པར་མ་ཟད། དུས་ཡུན་ཀྱང་རིང་བ་རེད།
          ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས"རྔོན་ཁྲ"མེ་འཁོར་སྤ་སེ་ལོག་ཚོང་ལ་རྡུང་རྡེག་ཡན་ལག་རུ་ཁག་བཙུགས་ཏེ་མེ་འཁོར་སྤ་སེ་ལོག་ཚོང་བྱེད་པའི་བྱ་སྤྱོད་ལ་སྔོན་འགོག་དང་རྡུང་རྡེག་ཚ་ནན་བྱས་པ་རེད། "རྔོན་ཁྲ"མེ་འཁོར་སྤ་སེ་ལོག་ཚོང་ལ་རྡུང་རྡེག་ཡན་ལག་རུ་ཁག་གིས་ལམ་བར་དང་ས་ཁུལ་གཉིས་མཉམ་འབྲེལ་དང་ཚང་འཇོམས་ཁུངས་སྔོག་སོགས་ཀྱི་བྱ་ཐབས་ལག་བསྟར་བྱས་ཏེ"ཚོགས་པའི་སྤ་སེ་འཚོང་བ་དང་སྤ་སེ་འཚོང་སློག་སྒེའུ"ཚོད་འཛིན་ནན་མོ་བྱས་པ་དང་། "མེ་འཁོར་འབབ་ཚུགས་སམ་ཁུལ་དུ་སྤ་སེ་ལོག་ཚོང་བྱེད་པ་དང་། དྲ་ཐོག་ནས་སྤ་སེ་ལོག་ཚོང་བྱེད་པ། ཁ་པར་ཐོག་ནས་སྤ་སེ་ལོག་ཚོང་བྱེད་པ"སོགས་ལ་རྡུང་རྡེག་ཚ་ནན་བཏང་བ་རེད།
          ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་ཉེན་རྟོག་ནུས་ཤུགས་འཐེན་གཏོང་བྱས་ནས་རོགས་སྐྱོར་བྱེད་པ་དང་། ཆེད་འགན་འཁུར་མཁན་ཉེན་རྟོག་པས་མྱུལ་ཁྱི་འཁྲིད་པ་དང་དྲག་ཆས་སྐོར་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་ཐོག་ནས་སྟོབས་ཤུགས་ཡོད་རྒུས་མེ་འཁོར་འབབ་ཚུགས་ཀྱི་བདེ་སྲུང་སྒྲིག་ལམ་སྲུང་སྐྱོང་བྱས་པ་རེད། དུས་མཚུངས་སུ་ལས་ཁུངས་འདིས་མེ་སྐྱོན་འགོག་སེལ་ཞིབ་བཤེར་དང་མེ་སྐྱོན་མངོན་མེད་རྐྱེན་ངན་རྩད་ཞིབ་བྱ་སྤྱོད་སྤེལ་ཏེ་ལམ་ཐིག་གི་བདེ་སྲུང་སྐོར་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་བ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ལམ་ཐིག་ཁོངས་གཏོགས་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་ཀྱི་ལམ་གཅེས་ལམ་སྲུང་གི་འདུ་ཤེས་འཛིན་ཤུགས་ཇེ་ཆེར་གཏོང་ཆེད། མི་དམངས་ཉེན་རྟོག་པས"བོད་རྒྱ་སྐད་གཉིས"ཀྱི་ཐོག་ནས་སློབ་གསོ་དྲིལ་བསྒྲགས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ལྕགས་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་སྲུང་སྐྱོར་བྱས་པ་རེད།
    ༄༅།།ལྷ་སའི་ལྕགས་ལམ་སྤྱི་བདེ་ཡིས་དཔྱིད་ཀའི་སྐྱེལ་འདྲེན་དུས་ཀྱི་མེ་འཁོར་སྤ་སེ་ལོག་ཚོང་བྱེད་
པར་རྡུང་རྡེག་ཚ་ནན་བཏང་བ།
    ༄༅།།ལྷ་སའི་ལྕགས་ལམ་སྤྱི་བདེ་ཡིས་དཔྱིད་ཀའི་སྐྱེལ་འདྲེན་དུས་ཀྱི་མེ་འཁོར་སྤ་སེ་ལོག་ཚོང་བྱེད་
པར་རྡུང་རྡེག་ཚ་ནན་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།